འདས་པའི་གཟའ་འཁོར་གཅིག་ནང་རྒྱ་གར་དང་བལ་ཡུལ་བོད་མིའི་ཁྲོད་ཏོག་དབྱིབས་ནད་པ་གསར་པ་གཅིག་ཀྱང་ཐོན་མེད་པ།
ཐེངས་འདིའི་འཕྲོད་བསྟེན་ལེ་ཚན་ནང་། བོད་མིའི་སྒྲིག་འཛུགས་ཀྱིས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་༡༩ ལས་དོན་ཚོགས་ཆུང་གིས་འདས་པའི་གཟའ་འཁོར་གཅིག་ནང་རྒྱ་གར་དང་བལ་ཡུལ་བོད་མིའི་ཁྲོད་ཏོག་དབྱིབས་ནད་པ་གསར་པ་གཅིག་ཀྱང་ཐོན་མེད་པའི་ཁར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་བོད་མིའི་བདེ་ཐང་ཆེད་དུ་དམིགས་པའི་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་དེའི་ནང་ཏོག་དབྱིབས་ནད་ཡམས་ལ་སྨན་བཅོས་ཀྱི་ཁེ་ཕན་ཐོབ་ཀྱི་མེད་ནའང་འདས་པའི་ལོ་གཉིས་རིང་ཏོག་དབྱིབས་ནད་པར་སྨན་བཅོས་ཀྱི་རོགས་རམ་གནང་བ་མ་ཟད་། ད་ནས་བཟུང་ཏོག་དབྱིབས་ནད་པ་སྨན་ཁང་དུ་བསྡད་དགོས་པའི་རིགས་ལ་སྨན་བཅོས་ཀྱི་ཁེ་ཕན་སྤྲོད་རྒྱུའི་ལས་གཞི་གསར་པ་ཁ་སྣོན་སྐྱོན་ཡོད་པའི་གསལ་བསྒྲགས་གནང་བའི་ནང་དོན་ནས་གཡུ་སྒྲོན་ལགས་ཀྱིས་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།