གསར་འགྱུར་ཡིག་ཚགས།
2021-10-11
བདམས་ཐོན་བྱུང་བའི་བུད་མེད་བཀའ་བློན་གསུམ་སྟེ། བྱང་ཨ་རིར་གནས་སྡོད་ནོར་འཛིན་སྒྲོལ་མ་ལགས་སུ་འོས་གྲངས་ ༢༧ ཐོབ་ཡོད་པ་དང་། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་གནས་སྡོད་ཐར་ལམ་སྒྲོལ་མ་ལགས་སུ་འོས་གྲངས་༢༧། རྒྱལ་ས་ལྡི་ལིར་གནས་སྡོད་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་སུ་འོས་གྲངས་༣༠བཅས་ཡིན།
2021-10-10
༧གོང་ས་མཆོག་གིས་སངས་རྒྱས་པའི་ཆོས་ཀྱི་རྗེས་སུ་བསླབ་མཁན་ཚོས་གཙོ་བོ་གཞན་ལ་ཕན་བདེ་སྒྲུབ་པ་དང་། གལ་ཏེ་ཕན་བདེ་སྒྲུབ་མ་ཐུབ་ནའང་གཞན་ལ་འཚེ་བ་མི་བྱེད་པ་དགོས་པ་བཀའ་གནང་གི་འདུག
2021-10-09
ཉེ་ཆར་མཚོ་སྔོན་ཟི་ལིང་ནས་ཚོགས་འདུ་ཞིག་འཚོགས་ཏེ་བོད་བརྒྱུད་ནང་བསྟན་སློབ་གྲྭ་ཁག་གིས་རྒྱའི་སྐད་ཡིག་ཁྱབ་གདལ་བྱེད་པར་ཧུར་ཐག་བྱེད་དགོས་ཚུལ་སྐུལ་སྤེལ་བྱེད་འགོ་བཙུགས་པ།
2021-10-09
༧རྒྱལ་བ་རིན་པོ་ཆེ་ང་ཚོའི་བླ་མ་ཡིན་ཟེར་ནའང་།༧རྒྱལ་བ་རིན་པོ་ཆེའི་ཉམས་ལེན་གཙོ་བོ་ལ་དོ་སྣང་མ་བྱས་ན།ཏཱ་ལའི་བླ་མ་ཟེར་བསྡད་པས་ཕན་གྱི་མ་རེད་ཅེས།༧གོང་ས་མཆོག་གིས་ཐའེ་ཝན་གྱི་ཆོས་ཞུ་བ་ཚོར་བཀའ་སྩལ་ཡོད་པ།
2021-10-09
རྒྱལ་ཡུམ་ཆེན་མོའི་རྐང་རྩེད་པོ་ལོའི་ཐེངས་༢༦པའི་འགྲན་བསྡུར་ནང་སིམ་ལ་དང་དོན་གྲུབ་གླིང་རུ་ཁག་གཉིས་རྩེ་ཕུད་རུ་ཁག་བཞིའི་ནང་ཚུད་ཡོད་པ།
2021-10-09
བདམས་ཐོན་ཚོགས་གཙོ་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་ཚོགས་གཞོན་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་རྣམ་གཉིས་ནས་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱི་མདུན་དུ་ལས་འཁུར་དམ་འབུལ་ཞུས་གནང་བ།
2021-10-09
བྱང་ཨ་མེ་རི་ཀའི་སྐུ་ཚབ་དོན་གཅོད་བཀའ་ཟུར་དངོས་གྲུབ་ཚེ་རིང་མཆོག་ཐེ་ཝན་གྱི་རྒྱལ་དོན་དུས་ཆེན་སྲུང་བརྩིའི་ནང་ཐེངས་དང་པོ་ལྷན་བཞུགས་གནང་བ།
2021-10-09
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་གིས་ཐེ་ཝན་ཞི་བའི་ལམ་ནས་ཟླ་བསྒྲིལ་གཅིག་བསྒྱུར་གཏོང་རྒྱུའི་དམིགས་ཡུལ་འགྲུབ་ཐུབ་པ་བྱ་རྒྱུའི་དམ་བཅའ་བཞག་ཡོད་ནའང་།ཐེངས་འདིའི་གཏམ་བཤད་ནང་དེ་སྔོན་ལྟར་དྲག་ཤུགས་བེད་སྤྱོད་བྱ་རྒྱུའི་སྐོར་ཐད་ཀར་སྡིག་ར་བསྐུལ་མེད་པའི་གནས་ཚུལ་འདུག
2021-10-09
ཨ་རིའི་དམིགས་བསལ་དམག་དཔུང་སྡེ་ཁག་ནས་ཐེ་ཝན་གྱི་དམིགས་བསལ་དཔུང་དམག་སྡེ་ཁག་ལ་དམག་གི་སྦྱོང་བསྡར་སྤྲོད་བཞིན་པའི་གནས་ཚུལ།
2021-10-09
བོད་ནང་གི་བོད་རིགས་དང་རྒྱ་རིགས་ཀྱི་མཐོ་རིམ་འགོ་ཁྲིད་སོགས་ཀྱི་ཐོག་ལ་འགྱུར་བ་ཅི་འདྲ་འགྲོ་རྒྱུ་ཡིན་པའི་གནད་དོན།
2021-10-08
༧རྒྱལ་བའི་སྐུ་བཅར་སྐོུ་བཀའ་ཟུར་ལྕོག་སྟེང་ཐུབ་བསྟན་ནོར་བཟང་མཆོག་གིས་མཛད་པའི་ཕྱག་དེབ། བྱ་བ་ལས་ཀྱི་འཁོར་ལོའི་རྣམ་གཞག
2021-10-08
རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་མའེ་སོར་ནང་རྟེན་གཞི་བྱེད་པའི་གཞན་ཕན་ཐེབས་རྩ་ནས་རྒས་གཅོང་རྣམས་ལ་སྨན་པ་བསྟེན་གཏུགས་ཀྱི་མཐུན་འགྱུར་གནང་བཞིན་པ།
2021-10-08
ཨ་རིའི་དམིགས་བསལ་དཔུང་དམག་གིས་ཐེ་ཝན་གྱི་དམག་མི་ལ་ཟླ་བ་མང་པོའི་རིང་ཁ་ཁུ་སིམ་པོའི་ངང་་དམག་སྦྱོང་སྤྲོད་བཞིན་ཡོད་པ་དེ་ནི་ཐེ་ཝན་ལ་རྒྱ་ནག་གིས་ཉེན་་བརྡ་གཏོང་བཞིན་པའི་རྐྱེན་ཡིན་སྐོར་བརྗོད་འདུག
2021-10-08
ཕྱི་ལོ་༢༠༢༡ལོའི་ལྷན་ཚོགས་དེ་བཞིན་ཕྱི་ཟླ་༡༠ཚེས་༢༣ཉིན་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་བསྐོངས་ཚོགས་གནང་རྒྱུ།
2021-10-08
གནས་རིའི་ལྷོ་ངོས་ཀྱི་གླེ་མིའི་བོད་མི་དང་བཙན་བྱོལ་གྱི་ཆོས་ཕྱོགས་དབུ་ཁྲིད་ཞུ་བའི་རྩོམ་ཡིག