ཨ་རིས་གཏན་འབེབས་བྱས་པའི་བོད་དོན་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས།

2024.07.19
ཨ་རིས་གཏན་འབེབས་བྱས་པའི་བོད་དོན་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས།
White House

ཉེ་ལམ་ཨ་རིས་གཏན་འབེབས་བྱས་པའི་བོད་དོན་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་དེའི་ནང་བོད་རྒྱའི་གནད་དོན་ད་ལྟའང་སེལ་མེད་པར་གནས་ཡོད་པ་དང་། རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་འོག་ནས་ཡིན་རུང་བོད་ཀྱི་ཁྲིམས་མཐུན་གྱི་གནས་བབ་དེ་ད་ལྟ་ཐག་གཅོད་བྱས་མེད་པར་ངོས་འཛིན་བྱས་པ་དང་།  དེ་བཞིན་བོད་མི་ཚོའི་བདག་དབང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དེ་རྒྱལ་སྤྱིའི་ཁྲིམས་ཀྱི་འོག་ནས་བོད་མི་རང་ལ་ཡོད་པ་གསལ་ཡོད།  ཡང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གམ་ཡང་ན་༧མགོན་པོ་གང་ཉིད་ཀྱི་སྐུ་ཚབ་ལྷན་དུ་ཐད་ཀར་གྲོས་མོལ་བསྐྱར་གསོ་གནང་སྟེ་བོད་རྒྱ་གཉིས་དབར་མི་མཐུན་པའི་དཀའ་རྙོག་ཁག་གྲོས་མོལ་གྱི་ལམ་ནས་སེལ་ཐབས་དགོས་པའི་སྐུལ་ལྕགས་གནང་བ་མ་ཟད་ཨ་རིས་གཏན་འབེབས་བྱེད་པའི་ལག་བསྟར་ཁྲིམས་ཡིག་ནང་རྒྱ་ནག་གཞུང་གིས་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བརྗོད་བཞིན་པ་དེ་བདེན་པ་མིན་པ་དང་། རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བརྗོད་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་། བོད་མིའི་སྒྲིག་འཛུགས་ལ་ལོག་འགྲེལ་འཁྱོག་བཤད་བྱེད་བཞིན་པར་ཨ་རིའི་སྲིད་གཞུང་གིས་གདོང་ལེན་བྱེད་རྒྱུ་སོགས་འཁོད་ཡོད་པ་རེད།

དེ་རིང་ཁ་བའི་གྲོས་རྭའི་ལེ་ཚན་ནང་ཨ་རིའི་སྲིད་འཛིན་གྱིས་མཚན་རྟགས་བཀོད་ཟིན་པའི་ལག་བསྟར་ཁྲིམས་ཡིག་དེ་བོད་ཀྱི་རྩ་དོན་ལ་རྒྱལ་ཁ་ཆེན་པོ་ཇི་ཙམ་ཡིན་མིན་དང་།  ཡང་ཨ་རིའི་སྲིད་འཛིན་མཆོག་གིས་གསལ་བསྒྲགས་ནང་འཁོད་པའི་འབྲུ་དོན་སོགས་ཀྱི་གནད་འགག་གི་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་བསྟན་ཆོས་རྒྱ་མཚོ་ལགས་དང་བོད་དོན་འཐབ་བཙོད་པ་བསྟན་འཛིན་བརྩོན་འགྲུས་ལགས་རྣམ་པ་གཉིས་ལ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་བཀའ་དྲི་ཞུས་པར་གསན་རོགས་གནང་།།

གསར་འགོད་པ། རྡོ་རྗེ་དགྲ་འདུལ།

དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎