གསར་འགྱུར་ཡིག་ཚགས།
2024-08-27
༧གོང་ས་མཆོག་གི་སྐུའི་ཞབས་པུས་སྨན་བཅོས་དང་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་ལེགས་གྲུབ་རྗེས་བཞུགས་སྒར་དུ་ཆིབས་བསྒྱུར་གནང་བཞིན་པར་ཕེབས་བསུའི་གྲ་སྒྲིག་སྔར་ལྷག་གཟབ་རྒྱས་གནང་བཞིན་པའི་སྐོར།
2024-08-26
༧དཔལ་རྒྱལ་དབང་༧ཀརྨ་པ་རིན་པོ་ཆེ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཆེད་དུ་སུད་སིའི་ནང་ཆིབས་སྒྱུར་གྱིས་གྲོང་ཁྱེར་ཛུ་རིག་གི་ཧིལ་ཊོན་གསོལ་མགྲོན་ཁང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་ཡོད་པ་རེད།
2024-08-23
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཚེས་༢༣ ཉིན་གྱི་སྔ་དྲོ་ཕྱག་ཚོད་༤།༣༠ ཙམ་ལ་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནས་སུད་སི་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་སོང་།
2024-08-22
ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༨ ཚེས་ ༢༢ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་དང་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཨཱ་ཛ་ར་ཛེ་ཡཱ་ (Uzra Zeya) མཆོག་ནིའུ་ཡོག་ཏུ་ཆེད་ཕེབས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་ཡོད་ཅིང་། ཁོང་དང་ལྷན་དུ་ཨ་མི་རི་ཀའི་ཕོ་བྲང་དཀར་པོ་ནས་ཨ་རིའི་སྲིད་འཛིན་གྱི་དམིགས་བསལ་ཕྱག་རོགས་དང་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ངེས་སྟོན་པ་བགྲེས་པ་ཁེ་ལི་རཱ་ཛུ་ཁ་ (Kelly Razzouk) ལྷན་བཅར་ཞུས་ཡོད་འདུག
2024-08-22
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་ནིའུ་ཡོག་ཏུ་མི་གྲངས་ ༡༧༠༠༠ ལྷག་གིས་བརྟན་བཞུགས་བསྟར་འབུལ་སྐབས། བོད་རྒྱ་ཆེ་མི་མང་གིས་རེ་འདུན་བསྒྲུབ་སླད་༧གོང་ས་མཆོག་ལོ་བརྒྱ་ཕྲག་སྐུ་འཚོ་བཞུགས་གནང་རྒྱུ་ཡིན་པའི་ཞལ་བཞེས་གནང་སོང་།
2024-08-20
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞབས་པུས་སྨན་བཅོས་གྲུབ་པའི་མཚམས་འདིར་བྱང་ཨ་རིའི་བོད་མི་ཚོས་ཚེས་༢༢ཉིན་༧གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ།
2024-08-20
༢༠༢༤།༠༨།༢༠ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བདུན་ཕྲག་ ༦ རིང་ཞབས་པུས་མྱུར་དུ་དྭངས་སྐྱེད་ཕེབས་པའི་ཆེད་ལུས་རྩལ་སྨན་པ་དང་ལྷན་སྦྱོང་བརྡར་ལེགས་པར་གྲུབ་སྟེ་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་ཆིབས་བསྒྱུར་མཛད་པ།
2024-08-16
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ནང་ཞབས་སོར་འཁོད་ནས་ཞབས་པུས་ཀྱི་སྨན་བཅོས་ལེགས་གྲུབ་རྗེས་ཀྱི་དམངས་ཁྲོད་མཛད་འཕྲིན་ཐོག་མར་དེ་ནིའུ་ཡོག་མངའ་སྡེའི་ཨི་ཐི་ཁ་ས་གནས་སུ་སྐྱོང་གནང་མཛད་ཡོད་པ་རེད།
2024-08-06
ཡུན་རིང་བོད་དོན་རྒྱབ་སྐྱོར་གནང་མཁན་ཨ་རིའི་མི་ནི་སོ་ཊ་མངའ་སྡེའི་སྲིད་སྐྱོང་ཊིམ་ཝལཛི་(Tim Walz)མཆོག་ཨ་རིའི་མང་གཙོ་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མིར་བདམས་འདུག
2024-08-05
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་གཟུགས་དྭངས་སྐྱེད་ཡག་པོ་ཡོང་བཞིན་པ་དང་མུ་མཐུད་དུ་ཞབས་པུས་འགུལ་སྐྱོད་སླར་གསོའི་སྦྱོང་བརྡར་གནང་དགོས་པ་བཅས་གཤགས་བཅོས་ཞུ་མཁན་གྱི་ལུས་པོ་བསྐྱར་བཟོ་དང་རུས་ཚིགས་གཤགས་བཅོས་ཚན་པའི་འགན་འཛིན་གྱིས་གསུངས་འདུག
2024-08-02
བདེ་སྐྱིད་ཀྱི་ཤེས་རབ་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་གི་བརྒྱུད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དམག་འཁྲུག་གི་གནད་དོན་དང་། གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སོགས་གོ་ལའི་དཀའ་ངལ་ཁག་ལ་གདོང་ལེན་བྱེད་ཕྱོགས་སོགས་གསལ་སྟོན་བྱས་ཡོད་འདུག
2024-07-31
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀེ་རཱ་ལ་མངའ་སྡེའི་(Wayanad)ས་ཁུལ་ནང་ཆར་ཞོད་རྐྱེན་གྱིས་ས་རུད་དོན་རྐྱེན་འོག་མི་མང་རྐྱེན་འདས་དང་རྒྱུ་ནོར་སོགས་ལ་གྱོང་གུན་ཤུགས་ཆེན་ཐེབས་པར་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་གནང་མཛད་འདུག
2024-07-29
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་ཞུ་མཇལ་བཅར་ཞུས་ཡོད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་ཁམས་དྭངས་སྐྱེད་བདེ་བླག་ངང་ཡོང་བཞིན་ཡོད་པ་གསུངས་འདུག