གསར་འགྱུར་ཡིག་ཚགས།
2024-08-02
བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་ཉུང་དུ་འགྲོ་བཞིན་པ་ནི་རྒྱ་ནག་གཞུང་གི་དམ་དྲག་འོག་བོད་ནས་སློབ་ཕྲུག་ཡོང་མཁན་ཉུང་དུ་ཕྱིན་པ་དང་། བཙན་བྱོལ་བོད་མིའི་མི་འབོར་ཉུང་དུ་ཕྱིན་པར་བརྟེན་ནས་ཡིན་པ་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་མི་དཔལ་ཁང་ཉི་མ་དོན་གྲུབ་ལགས་ཀྱིས་གསུངས་བྱུང་།
2024-08-02
རྒྱལ་སྤྱིའི་བོད་མི་ཆེད་ལས་དྲ་བས་བོད་པ་ན་གཞོན་ཚོར་དྲ་བརྙན་རྒྱུད་ Hackathonཞེས་པའི་ལོ་འཁོར་ཚོགས་འདུ་ཐེངས་གཉིས་པ་གོ་སྒྲིག་བྱས་ཏེ་བོད་དོན་ཐོག་ནུས་པ་འདོན་ཕྱོགས་སོགས་ཀྱི་ཐོག་གོ་རྟོགས་སྤེལ་རྒྱུ།
2024-08-01
ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་གི་འགན་འཛིན་གྱིས་ཕྱི་ལོ་ ༢༠༢༣ ཕྱི་ཟླ་ ༡༡ ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིན་ཨ་རིར་ཡོང་སྐབས་རྒྱ་ནག་དམར་ཤོག་ཚོགས་པས་ཞི་ལ་ངོ་རྒོལ་བྱེད་མཁན་ཚོར་དྲག་གནོན་བྱས་པའི་སྙན་ཐོ་བཏོན་པར་རྒྱབ་སྐྱོར་གནང་སྟེ། རྒྱ་ནག་གི་རྒྱལ་མཚམས་བརྒལ་ནས་དྲག་གནོན་གྱི་ལས་འགུལ་སྤེལ་བར་སྐྱོན་བརྗོད་བྱས་འདུག
2024-08-01
བོད་ཀྱི་རིག་གཞུང་གཅེས་ནོར་གྱི་ཟླ་བ་འདི་བརྒྱུད་ཨོན་ཏྲེ་རི་ཡོ་མངའ་སྡེའི་ནང་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་གནང་འདུག
2024-08-01
ཨ་རིས་བོད་དོན་སྐོར་གྱི་ཁྲིམས་ཡིག་གལ་ཆེན་ཞིག་གཏན་འབེབས་བྱེད་ཡོད་པའི་བསམ་བློ་གཅིག་མཐུན་ཡིན་པའི་མཐུན་གྲོགས་རྒྱལ་ཁབ་གཞན་གྱིས་བོད་དོན་ལ་རྒྱབ་སྐྱོར་ཀྱིས་གནད་དོན་ཐད་གླེང་གློང་མང་པོ་ཞིག་ཡོང་གི་ཡོད་པ།
2024-08-01
བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་འབྲས་ནད་ཀྱི་ནད་གཞི་ཤུགས་ཆེ་ལོས་དང་། དེའི་ནང་ནས་འཆི་རྐྱེན་བྱུང་རྩའི་ཁོངས་སུ་འབྲས་ནད་གཙོ་བོ་ག་རེ་ཡོང་གི་ཡོད་མེད།
2024-08-01
བོད་མི་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ལགས་ད་ཆ་ཧྥ་རན་སིའི་ནང་ཚོགས་བཞིན་པའི་ཨོ་ལིམ་པིཀསི་རྩེད་འགྲན་ཁྲོད་ཕྱི་ཟླ་ ༨ ཚེས་ ༧ ཉིན་སྐྱེས་པ་དང་བུད་མེད་མཉམ་བསྲེས་ཀྱི་འདུར་རྒྱུག་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་འདུག
2024-08-01
སིཌ་ནི་བོད་རིགས་མཐུན་ཚོགས་ནས་བོད་མིའི་སྒྲིག་འཛུགས་ལ་ཨོ་སྒོར་ ༩༤༢༠ རྩིས་འབུལ་གནང་ཡོད་པ་ནི་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་བཀའ་དྲིན་གྱི་ཆ་ཕྲ་མོ་ཙམ་གསབ་སླད་དང་། བོད་རིགས་མཐུན་ཚོགས་གཞན་རྣམས་ལའང་མིག་དཔེར་འོས་པ་སོགས་ཀྱི་ཆེད་ཡིན་པ། སིཌ་ནི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་རྔ་བ་ཆོས་འཛིན་ལགས་ཀྱིས་གསུངས་བྱུང་།
2024-07-31
བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་སྒང་ཏོག་ཁུལ་གྱི་བོད་མི་རྒན་པ་ཁག་ཅིག་ལ་འཁོར་ལོའི་རྐུབ་སྟེགས་དང་འཁར་རྒྱུག་བགོ་འགྲེམས་གནང་བ།
2024-07-31
རྒྱ་ནག་གཞུང་གིས་བོད་དོན་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་འཐུས་མི་འཇིམ་མེག་གྷོཝརཎ་ (Jim McGovern)་ལགས་སུ་སྐྱོན་བརྗོད་དང་མཉམ་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་བཀལ་བ་བསྒྲགས་འདུག
2024-07-31
བོད་ཀྱི་ཟློས་གར་ཚོགས་པས་ཕྱི་རྒྱལ་གྱི་བོད་ཕྲུག་ཚོར་བོད་ཀྱི་ཟློས་གར་སྒྱུ་རྩལ་སྦྱོང་བརྡར་སྤྲད་པའི་ནང་ཨ་རི་དང་ཡོ་རོབ་སོགས་ནས་བོད་ཕྲུག་༣༠ལྷག་མཉམ་ཞུགས་གནང་འདུག
2024-07-30
རྒྱ་ནག་མི་དམངས་བཅིངས་གྲོལ་དམག་ཟེར་བ་བཙུགས་ནས་ལོ་ངོ་༩༧འཁོར་བའི་དུས་དྲན་ལྡི་ལིར་སྲུང་བརྩི་བྱས་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཀྱིས་ངོ་རྒོལ་སྐད་འབོད་བྱས་འདུག
2024-07-30
བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ཧོང་ཀོང་དམངས་གཙོ་ལྷན་ཚོགས་གཉིས་ཀྱིས་སྙན་ཐོ་བཏོན་ནས་རྒྱ་ནག་གིས་རྒྱལ་མཚམས་བརྒལ་ནས་རྒྱ་ནག་དང་ལྟ་སྤྱོད་མི་མཐུན་མཁན་ཚོར་དྲག་གནོན་བྱེད་བཞིན་པའི་བྱ་སྤྱོད་ཐེར་འདོན་གནང་འདུག
2024-07-29
དགའ་ལྡན་བྱང་རྩེ་རྡོ་ར་མཁན་ཟུར་རྗེ་བཙུན་བློ་བཟང་ཚེ་འཕེལ་མཆོག་དང་དགེ་བཤེས་པདྨ་ཚེ་དབང་གཉིས་ལ་ཁེ་ཎ་ཌའི་ཨལ་བྷར་ཌ་མངའ་སྡེའི་གྲོས་ཚོགས་ནས་འཛམ་གླིང་གི་རྒྱལ་ཁབ་སྤྱི་དང་ལྷག་པར་དུ་མངའ་སྡེ་དེའི་མི་དམངས་མང་པོའི་ལུས་སེམས་ལ་ཞི་བདེ་བསྐྲུན་པར་ཆེ་བསྟོད་ཆེ་བསྟོད་ཕྱག་འཁྱེར་ཤིག་ཕུལ་འདུག
2024-07-29
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་ཞུ་མཇལ་བཅར་ཞུས་ཡོད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་ཁམས་དྭངས་སྐྱེད་བདེ་བླག་ངང་ཡོང་བཞིན་ཡོད་པ་གསུངས་འདུག