བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་ལྡི་ལིར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག

2024.07.30
བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་ལྡི་ལིར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་ལྡི་ལིར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས། ༢༠༢༤།༠༧།༣༠
Tenzin Thardoe /RFA

ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༣༠ དགོང་དྲོར། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཟུང་སྦྲེལ་གྱི་ཐོག་ནས། རྒྱ་གར་རྒྱལ་ས་ལྡི་ལི་བྷིཀ་ཇི་ ཀ་མ་ས་ཚིགས་ཀྱི་མེ་འཁོར་འབབ་ཚུགས་ཀྱི་ཕྱི་ཕྱོགས་སུ་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་སོང་ལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས། ལྡི་ལིར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་ཟེར་བ་བཙུགས་ནས་ལོ་ངོ་ ༩༧ འཁོར་བའི་དུས་དྲན་སྲུང་བརྩི་བྱེད་བཞིན་པར་ངོ་རྒོལ་བྱས་པ་དང་། ཐེངས་འདིའི་ལས་འགུལ་བརྒྱུད་རྒྱ་ནག་གཞུང་གིས་བོད་ནང་དུ་བཅའ་སྡོད་སློབ་གྲྭ་རྒྱ་སྐྱེད་ཀྱིས་གཙོས་མི་རིགས་རྒྱ་བསྒྱུར་གྱི་སྲིད་བྱུས་ངན་པ་སྤེལ་བཞིན་པ་རྣམས་མཚམས་འཇོག་དགོས་པ་གསལ་སྟོན་གྱི་ཆེད་དུ་དམིགས་པ་ཡིན་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཡང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་སྤྱིའི་སྤྱི་ཁྱབ་དྲུང་ཆེ་པང་ཀཇི་གྷོ་ཡལ་ (Pankaj Goyal) ལགས་ཀྱིས། ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་ཟེར་བ་གསར་འཛུགས་བྱས་ནས་ལོ་ངོ་ ༩༧ འཁོར་བའི་དུས་དྲན་སྲུང་བརྩི་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པས་རྒྱ་ནག་གཞུང་ལ་ངོ་རྒོལ་ཡོད་ཅེས་དང་། ལྷག་པར་རྒྱ་ནག་གཞུང་གིས་རྒྱ་གར་གྱི་མཐའ་མཚམས་ས་ཁུལ་ཁག་ནང་ཧམ་འཛུལ་དང་ས་མཚམས་སུ་བསུན་གཙེར་ཐེངས་མང་བྱེད་བཞིན་པ་སོགས་ལ་ངོ་རྒོལ་ཡོད་པ་གསུངས་བྱུང་།

རྒྱ་ནག་མི་དམངས་བཅིངས་གྲོལ་དམག་ཟེར་བ་སྤྱི་ལོ་ ༡༩༢༧ ཟླ་ ༨ ཚེས་ ༡ ཉིན་གསར་འཛུགས་བྱས་ཡོད་པ་རེད།།


གསར་འགོད་པ། བསྟན་འཛིན་ཐར་འདོད།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎