གསར་འགྱུར་ཡིག་ཚགས།
2023-01-17
རྡོ་རྗེ་ཚེ་བརྟན་ལགས་ཀྱིས་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་ཁོང་གི་སྤུན་མཆེད་རྡོ་རྗེ་བཀྲ་ཤིས་ལགས་སུ་ཐུག་འཕྲད་དགོས་བའི་དགོས་འདུན་བཏོན་པར་ངོས་ལེན་བྱས་མེད་པའི་ཐོག་བཙོན་ཁང་ལ་མིང་ཆད་ངན་པ་བཟོས་ཚུལ་གྱིས་ཁ་རྡུང་བཏང་ཡོད་འདུག
2023-01-17
འདས་བའི་༢༠༢༢ལོར་རྒྱ་ནག་གི་མི་གྲངས་འབུམ་བརྒྱད་དང་ཁྲི་ལྔ་ཉུང་དུ་ཕྱིན་ནས་ལོ་ངོ་དྲུག་ཅུ་ལྷག་གི་རིང་རྒྱ་ནག་གི་མི་འབོར་ཇེ་ཉུང་དུ་སོང་བ་གྲངས་འབོར་ཆེ་ཤོས་སུ་གྱུར་འདུག
2023-01-17
བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གྲོས་ཚོགས་འདུ་ལ་བལྟོས་ན་མ་འོངས་ལོ་ལྔའི་རིང་མུ་མཐུད་དུ་རྒྱ་ནག་གིས་བོད་ནང་དྲག་གནོན་དང་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱ་རྒྱུ་མངོན་གསལ་ཡིན་པ་ཉམས་ཞིབ་པས་བརྗོད་བྱུང་།
2023-01-17
དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་འཛིན་པ་ཡོངས་ཀྱིས་སྤྱི་ནོར་༧གོང་ས་མཆོག་ལ་རྡོ་རྗེ་གདན་ནས་བརྟན་བཞུགས་བསྟར་འབུལ་གནང་རྒྱུ་ཡིན་འདུག
2023-01-16
ནིའུ་ཡོག་གི་བོད་མིའི་སྤྱི་ཚོགས་སྐོར་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་པའི་དྭོགས་གཞིའི་འོག་བཀག་ཉར་བྱས་ཡོད་པ་པདྨ་དར་རྒྱས་ངག་དབང་ཟེར་བ་ལ་ད་ཆ་ཁ་མཆུ་ཕྱིར་འཐེན་བྱས་འདུག
2023-01-16
རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་དམ་དྲག་ཧ་ཅང་གི་ཤུགས་ཆེ་དེ་མེད་པ་བཟོས་ནས་ད་བར་མི་གྲངས་ཁྲི་དྲུག་ལས་མང་བ་སྲོག་སྐྱོན་བྱུང་འདུག
2023-01-16
རྡོ་རྗེ་བཀྲིས་ལགས་ཀྱི་གཅེན་པོ་རྡོ་རྗེ་ཚེ་བརྟན་གྱིས་གྲྭ་བཞི་བཙོན་ཁང་གི་མདུན་དུ་ཡོངས་གྲགས་ཀྱི་ཐོག་ནས་ཁོང་གི་སྤུན་མཆེད་ལ་ཐུགས་འཕྲད་ཡོང་བར་འབོད་སྐུལ་བྱས་འདུག་ཀྱང་རྒྱ་གཞུང་གིས་ཡར་ལེན་བྱས་མི་འདུག།
2023-01-14
ཐེ་ཝན་གྱི་གྲགས་ཆེ་བའི་རྒྱལ་ཡོངས་གཙུག་ལག་སློབ་གྲ་ཆེན་མོའི་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ཇི་བཞིན་ཆོས་ལུགས་ལ་མ་བརྟེན་པའི་་བཟང་སྤྱོད་ཀྱི་ཤེས་ཡོན་སློབ་གསོའི་དགོངས་དོན་ངོ་སྤྲོད་གནང་ཡོད་པ།
2023-01-13
རྒྱ་ནག་གཞུང་གིས་གསར་འགོད་པ་ཚོར་རྒྱ་ནག་ལ་རྒྱལ་ཞེན་ཡོད་མེད་ལྟ་ཞིབ་ཆེད་ཡིག་རྒྱུག་ལེན་རྒྱུ་དང་ཡིག་རྒྱུག་མ་འཕྲོད་ཚེ་གསར་འགོད་པའི་ལག་ཁྱེར་ཕྱིར་བསྡུ་བྱེད་རྒྱུ་ཡིན་འདུག
2023-01-13
བོད་ནང་ངོ་རྒོལ་རིགས་འགོག་ཐབས་ཀྱི་ཆེད་དུ་རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཟེར་བའི་སྲིད་བྱུས་དེ་ལག་བསྟར་བྱེད་བཞིན་པ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
2023-01-13
རྒྱ་ནག་གཞུང་འབྲེལ་གྱི་རྒྱ་སྐད་སློབ་དེབ་འགྲེམས་སྤེལ་ཚོགས་འདུ་དེའི་སྟེང་། སི་ཁྲོན་ཞིང་ཆེན་ཀྲུང་ཧྭ་ལས་རིགས་སློབ་གསོ་ཁང་གི་འགན་འཛིན་ཝང་ཞའོ་ཆིང་ཟེར་བས། རྒྱ་སྐད་སློབ་དེབ་དེ་དག་ནི་བོད་རང་སྐྱོང་ལྗོངས་གཙོས་བོད་འབྲེལ་ཞིང་ཆེན་བཞིའི་ནང་གི་བོད་རིགས་ཚོར་ཆེད་དམིགས་བསྒྲིགས་པ་ཞིག་ཡིན་པ།
2023-01-12
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་སྒོ་ཤེས་རབ་རྒྱ་མཚོ་ལགས་གཙོས་བོད་དང་རྒྱལ་སྤྱིའི་ནང་གི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་ཡོང་ཐབས་ཀྱི་འབོད་སྐུལ་ལས་འགུལ་དབུ་འཛུགས་གནང་འདུག
2023-01-12
བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་གཙོ་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་དྲུང་ཆེ་སོགས་མང་ཆེ་བ་རྒྱ་མི་རིགས་ཡིན་འདུག
2023-01-12
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་སྙན་ཐོ་རུ་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་མེད་པ་གསལ་བོ་འཁོད་ཡོད་པ་ལྟར་རྒྱ་ནག་གི་འགོ་ཁྲིད་ཚོས་བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་དགོས་པ་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་འཛིན་གནང་གི་འདུག