བལ་ཡུལ་དུ་གནམ་གྲུ་བརྡབ་སྐྱོན་བྱུང་བའི་ནང་བོད་མི་གཅིག་ཀྱང་མེད་པ། བལ་ཡུལ་གྱི་གནམ་གྲུ་འཕུར་སྐྱོད་འཛིན་སྐྱོང་ལྷན་ཁང་གིས་གསུངས་བྱུང་།

2023.01.16
བལ་ཡུལ་དུ་གནམ་གྲུ་བརྡབ་སྐྱོན་བྱུང་བའི་ནང་བོད་མི་གཅིག་ཀྱང་མེད་པ། བལ་ཡུལ་གྱི་གནམ་གྲུ་འཕུར་སྐྱོད་འཛིན་སྐྱོང་ལྷན་ཁང་གིས་གསུངས་བྱུང་། བལ་ཡུལ་དུ་གནམ་གྲུ་བརྡབ་སྐྱོན་གྱི་པར་རིས།
Reuters

འདས་པའི་ལོ་བཅུ་གྲངས་ནས་བཟུང་བལ་པོ་རྒྱལ་ཁབ་ཀྱི་ནང་གནམ་གྲུབ་བརྡབ་སྐྱོན་ཐེངས་མང་འབྱུང་གི་ཡོད་པ་བཞིན། ཉེ་ལམ་ཡང་སྤྱི་ཟླ་༡ཚེས་༡༥ཉིན་བལ་ཡུལ་གྱི་ཡུལ་སྐོར་བ་ཤུགས་ཆེ་འགྲོ་སའི་སྤོག་ར་ས་གནས་སུ། གནམ་གྲུ་བརྡབ་སྐྱོན་བྱུང་སྟེ་བལ་ཡུལ་གཙོ་བོར་གྱུར་པའི་རྒྱལ་ཁབ་འདྲ་མིན་གྱི་མི་གྲངས་༧༢རྐྱེན་ལམ་དུ་ཤོར་ཡོད་ནའང་། བལ་ཡུལ་གྱི་གནམ་གྲུ་འཕུར་སྐྱོད་འཛིན་སྐྱོང་ལྷན་ཁང་གི་འབྲེལ་ཡོད་ལས་བྱེད་ཤར་པ་པདྨ་ལགས་ནས། གནམ་གྲུ་དེའི་ནང་གི་མི་གྲངས་༧༢ཆ་ཚང་རྐྱེན་ལམ་དུ་ཤོར་བའི་ཁོངས་སུ། བོད་མི་གཅིག་ཀྱང་མེད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག་ཅིང་། བལ་ཡུལ་སྤོག་ར་ས་གནས་ཀྱི་བློ་སྒྲིག་ཚོགས་གཙོ་བོད་མི་འཕྲིན་ལས་ཀུན་ཕན་ལགས་ནས་ཀྱང་། ཉི་མ་དེར་བལ་ཡུལ་སྲིད་བློན་གྱིས་བཀོད་ཁྱབ་བཏང་བ་གཞིར་བཟུང་། ཉེན་རྟོག་པ་དང་མི་མང་གིས་མེ་གསོད་དང་མྱུར་སྐྱོབ་ཀྱི་ཐབས་ཤེས་གནང་ཡོད་པ་དང་། སྤྱི་ཚེས་༡༦ཉིན་བལ་ཡུལ་གཞུང་གིས་མྱ་ངན་མཚོན་པར་རྒྱལ་དར་ཕྱེད་ཕབ་ཀྱིས་གཞུང་འབྲེལ་གུང་སེང་བཏང་ཡོད་པ་དང་མཚུངས་སུ། གཞུང་འབྲེལ་གྱིས་རྐྱེན་ལམ་དུ་ཤོར་བ་ཚོའི་མིང་གཞུང་ཕྱི་ལ་བཏོན་པའི་ནང་། བོད་མི་གཅིག་ཀྱང་མི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག

ཡང་ཁོང་གིས་གནམ་གྲུ་དེ་ནི་བལ་ཡུལ་རྒྱལ་སའི་རྒྱལ་སྤྱིའི་གནམ་ཐང་ནས་འཕུར་ཏེ་སྤོག་ར་ས་གནས་ཀྱི་གནམ་ཐང་གི་ཉེ་འགྲམ་གཡང་རོང་ཞིག་ཏུ་ལྷུང་ཡོད་ཅིང་། གནམ་གྲུ་དེར་འགྲུལ་བ་མི་༦༨དང་གནམ་གྲུའི་ལས་བྱེད་སོགས་བརྩིས་ན་མི་གྲངས་༧༢ཡོད་པ་ཆ་ཚང་གི་སྲོག་ཤོར་ཡོད་པ་འགྲེལ་བརྗོད་གནང་གི་འདུག

རྒྱ་གར་གྱི་NDTVགསར་ཁང་གིས་སྤེལ་བའི་གནས་ཚུལ་གྱི་ནང་དུ། གནམ་གྲུ་དེར་མི་གྲངས་༧༢ཡོད་པ་ལས་འགྲུལ་བ་མི་༥༣བལ་ཡུལ་གྱི་མི་སེར་ཡིན་པ་དང་མི་༤རྒྱ་གར་མི་སེར་ཡིན་པ། མི་༤ཨུ་རུ་སུ་ནས་ཡིན་པ་དང་མི་༢ཀོ་རི་ཡ་ནས་ཡིན་པ། ཡང་མི་གཅིག་རེ་གཅིག་རེ་ཨཱར་ཅན་ཊི་ནཱ་དང་ཨར་ལནྜི། ཨོ་སོ་ཁྲི་རཱ་ལི་ཡ་དང་ཧྥི་རན་སི་བཅས་ནས་ཡིན་པ་འཁོད་ཡོད་པ་རེད།

གསར་འགོད་པ། བློ་བྷེ།  
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎