གསར་འགྱུར་ཡིག་ཚགས།
2023-05-15
ད་རེས་ཧིན་དྷིའི་ནང་ཕབ་སྒྱུར་ཟིན་པའི་གསུང་རབ་གཙོ་བོ་ཁག་ནི་ལས་རྣམ་པར་འབྱེད་པའི་མདོ་དང་། སྤྱོད་པའི་གླུའི་་འགྲེལ་པ། སྙིང་པོ་ངེས་པར་བསྡུ་བ། ཐེག་པ་ཆེན་པོའི་ལམ་གྱི་སྒྱུབ་ཐབས་ཡི་གེར་བསྡུས་པ། དེ་བཞིན་རིགས་སྨོན་ལམ་ཞེས་བྱ་བ་སོགས་ཡིན་འདུག
2023-05-13
རྒྱ་ནག་གི་ཐོག་ལ་ཞིབ་འཇུག་དང་འབྲེལ་བའི་སྙན་ཐོ་སྒྲོག་སྦྱང་གི་མཚོན་དྲི་བ་དྲིས་ལན་དང་བགྲོ་གླེང་གནང་པར། རྒྱ་ནག་ལས་བྱེད་པ་ཚོ་ཚབ་ཚབ་ཆགས་སོང་ཞེས་གསུངས་བྱུང་།
2023-05-12
བོད་མི་ཚོས་ཁེ་ཎ་ཌའི་ནང་བོད་དོན་ཞུ་གཏུག་དང་མཉམ་ཁེ་ཎ་ཌའི་ཕྱི་འབྲེལ་ལས་ཁུངས་ནང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་ཡོང་བའི་འབོད་སྐུལ་གནང་འདུག
2023-05-12
ཨ་རིའི་(NBA)་ལག་རྩེད་སྤོ་ལོ་རྩེད་འགྲན་པ་ཟུར་པ་(Howard Stirs)་ཡིས་ཐེ་ཝན་ནས་ང་ཐེ་ཝན་རྒྱལ་ཁབ་ལ་ཡོད་ཞེས་བོས་བར་བརྟེན་རྒྱ་མི་མང་པོ་ཁོང་ཁྲོ་ལངས་ནས་སྐྱོན་བརྗོད་བྱས་ཡོད་འདུག
2023-05-12
དེང་སྐབས་བོད་ནང་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་ཚིགས་ཡིན་པ་དང་དབྱར་རྩྭ་དགུན་འབུའི་གོང་ཚད་སྔ་ལོ་ལས་ཅུང་ཡག་པ་རག་གི་ཡོད་འདུག
2023-05-12
ཨ་མི་རི་ཀའི་ངོས་ནས་བོད་ཀྱི་ཆོས་དང་རིག་གཞུང་འགྲོ་བ་མིའི་ཐོབ་ཐང་བཅས་པ་སྲུང་སྐྱོབ་ཆེད་མུ་མཐུད་དུ་རྒྱ་ནག་གི་དཔོན་ཪིགས་ཚོ་དང་མཉམ་གྲོས་མོལ་དང་གླེང་སློང་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
2023-05-12
མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས། ད་རེས་སྲིད་སྐྱོང་མཆོག་དང་ལྷན་དུ་མཇལ་འཕྲད་སྐབས། ཁུལ་འདིར་གནས་སྡོད་བོད་མི་ཚོའི་བདེ་སྡུག་དང་འབྲེལ་བའི་གནད་དོན་མང་དག་ཅིག་གི་ཐོག་གོ་བསྡུར་གནང་ཡོད་པ་ཁོང་གི་Twitter དྲ་ལམ་སྟེང་བཀོད་སྤེལ་བྱས་འདུག
2023-05-11
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་(Shri Sukhvinder Singh Sukhu)་ལགས་རྣམ་གཉིས་མཇལ་མོལ་གནང་ཡོད་འདུག
2023-05-11
རྒྱ་ནག་གཞུང་གིས་བོད་ནང་གཞི་རྒྱ་ཆེན་པོས་བོད་མིའི་ཁྲག་རིགས་རྒྱུད་རྫས་བསྡུ་བཞིན་པར་བློ་འཚབ་ཡོད་པ་ཨ་རིའི་ཕྱི་སྲིད་དྲུང་ཆེ་(Antony Blinken)་ལགས་ཀྱིས་གསུངས་འདུག
2023-05-11
རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༢ལོའི་ཕྱི་ཟླ་༩བ་ནས་མགོ་བརྩམས་ཏེ་བོད་ནང་གི་ཉག་ཆུ་རྫོང་ཧོར་ལུང་ཤང་གི་ཡིད་བཞིན་སྡེ་བའི་ཚ་ལེབ་དང་རྡོ་ལྔ། གེར་སྐྱའི་ཉག་ཁ་ཞེས་པའི་རྩྭ་ཐང་དང་རི་ངོས་སུ་རྒྱ་ཁྱོན་ཧ་ཅང་ཆེ་བའི་རི་ངོས་དང་ལུང་གཞུང་ཡོངས་སུ་ཁྱབ་པའི་ཉི་ནུས་གློག་ཆས་གསར་འཛུགས་བྱེད་བཞིན་ཡོད་པ་།
2023-05-10
རྒྱ་ནག་གི་བཙོན་འོག་ཡོད་པའི་འབྱོར་ལྡན་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོས་ལྷ་སར་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་ཁྲིམས་ཁང་གི་མདུན་དུ་ཡང་བསྐྱར་ཞུ་འབོད་ལས་འགུལ་སྤེལ་ཉེན་རྟོག་པས་བཙན་གྱིས་འདྲུད་ནས་ཁྲིད་འདུག
2023-05-10
བོད་ནང་གློ་བུར་འདས་གྲོངས་སུ་ཕྱིན་པའི་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་དང་བརྩམས་སྒྲུང་རྩོམ་པ་པོ་གྲགས་ཅན་པདྨ་ཚེ་བརྟན་ལགས་ཀྱི་སྐུ་ཕུང་ལྷ་སའི་སྟོད་ལུང་ནས་སྦྱིན་སྲེག་གནང་རྗེས་རུས་ཐལ་ཕ་ཡུལ་ལ་གདན་དྲངས་འདུག
2023-05-10
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སིམ་ལ་སཾ་བྷོ་ཊ་གཏན་སློབ་ཏུ་གསུང་བཤད་གནང་སྐབས་གཞོན་སྐྱེས་ཚོས་བོད་ཀྱི་ལོ་རྒྱུས་ཤེས་རྟོགས་དགོས་རྒྱུ་གལ་གནད་ཆེན་པོ་ཡིན་པ་ནན་གསུངས་གནང་འདུག
2023-05-10
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། སྤྱི་ལོ་༢༠༢༣ ལོའི་སྤྱི་ཟླ་༥ པའི་ཚེས་༦ཉིན་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་ཨ་རི་དང་ཁེ་ན་ཌ་ནས་ཕེབས་པའི་ཇེའུ་(Jewish)མི་རིགས་ཡིན་པའི་སློབ་ཕྲུག་༤༢ ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་འདུག
2023-05-09
མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ལ་དབྱེ་འབྱེད་འགོག་ཐབས་ཀྱི་ཚོགས་འདུའི་བོད་ཀྱི་སྐུ་ཚབ་ཚོས་རྒྱ་ནག་གི་བཙན་བཟུང་འོག་གི་བོད་ནང་གི་བུད་མེད་ཀྱི་གནས་སྟངས་གླེང་འདུག