གསར་འགྱུར་ཡིག་ཚགས།
2022-03-14
ཨུ་རུ་སུས་ཡུའུ་ཁུ་རེན་གྱི་ནང་བཙན་འཛུལ་བྱེད་བཞིན་པས་རྒྱ་ནག་གཞུང་གིས་ཨུ་རུ་སུར་གོ་མཚོན་སོགས་ཀྱི་རྒྱབ་སྐྱོར་བྱས་ན་ཨ་རིས་རྒྱ་ནག་ལ་ཉེས་ཆད་གཅོད་རྒྱུའི་ཉེན་བརྡ་བཏང་ཡོད་འདུག
2022-03-14
རྒྱ་ནག་གི་ཉེན་རྟོག་པས་ཡུལ་སྐོར་སྣེ་ཤན་པ་པ་སངས་ནོར་བུ་ལགས་སུ་རྐང་འཁོར་ཡུལ་སྐོར་ལས་ཀ་དེ་བདེ་འཇགས་མེད་རྐྱེན་ཁྲིམས་འགལ་ཡིན་ཚུལ་བཤད་ནས་འཛིན་བཟུང་བྱས་ཡོད་འདུག
2022-03-12
བཞུགས་སྒར་རྡ་རམ་ས་ལས་གཙོས་ས་ཕྱོགས་གང་སར་བོད་ཀྱི་བུད་མེད་ཀྱི་སྒེར་ལངས་ཉིན་མོར་གོམ་བགྲོད་སོགས་གནང་སྟེ་སྲུང་བརྩི་ཞུས་ཡོད་པ་རེད།
2022-03-11
ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པོ་ལོ་སི་(Nancy Pelosi)་ལགས་དང་ཁེ་ན་ཌའི་དབུས་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་(Arif Varani)་ལགས་བཅས་ཀྱིས་བོད་དོན་བསྒྲགས་གཏམ་སྤེལ་འདུག
2022-03-11
རྒྱ་ནག་གི་བྱང་ཕྱོགས་གྲོང་ཁྱེར་མང་པོའི་ནང་རྣམ་པ་འགྱུར་བའི་ཏོག་དབྱིབས་ནད་ཡམས་ཨོ་མེ་ཁུ་རོན་གྱི་ནད་རྟགས་ཡོད་པའི་ནད་པ་ཇེ་མང་དུ་འགྲོ་བཞིན་པ་དང་ཟི་ལིང་གྲོང་ཁྱེར་དུ་ནད་པ་གཅིག་ཐོན་འདུག
2022-03-11
ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཙོ་གཞོན་པ་སྐུ་ཞབས་ཇེ་རི་ཨོ་སྦེར་ཧྥལ་ཛེར་ལགས་དང་སྤྱི་ནོར་༧གོང་ས་མཆོག་རྒྱལ་བའི་ཕོ་བྲང་ནས་མཇལ་འཕྲད་གནང་འདུག
2022-03-10
བཞུགས་སྒར་རྡ་རམ་སཱ་ལ་གཙོས་བོད་ཕྱི་ཕྱོགས་ཀྱི་བོད་མི་གནས་སྡོད་བྱེད་ཡུལ་འཛམ་གླིང་གི་ཡུལ་གྲུ་གང་སར་རྒྱ་ནག་གཞུང་ལ་ངོ་རྒོལ་དང་བོད་དོན་ལས་འགུལ་འདྲ་མིན་སྤེལ་ནས་གསུམ་བཅུའི་དུས་དྲན་ཐེངས་༦༣པ་སྲུང་བརྩི་གནང་འདུག
2022-03-10
རྒྱ་ནག་གཞུང་གིས་བོད་པའི་མི་རབས་གསར་པ་རྣམས་འཆར་གཞི་ལྡན་པའི་སྒོ་ནས་རྒྱ་རིགས་སུ་སྒྱུར་ཐབས་བྱེད་བཞིན་པར་བློ་འཚབ་ཡོད་པ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་གསུམ་བཅུའི་དུས་དྲན་གྱི་གཞུང་འབྲེལ་མཛད་སྒོའི་སྐབས་གསུངས་སོང་།
2022-03-10
བོད་ནང་སློབ་གྲྭའི་དགུན་ཁའི་གུང་སེང་རྫོགས་ནས་སློབ་འགོ་ཚུགས་པའི་ཉིན་དང་པོར་ཉེན་རྟོག་པས་སློབ་ཕྲུག་ལ་ཞིབ་བཤེར་དང་སློབ་ཕྲུག་ཚོར་རྒྱ་ནག་དམར་ཤོག་གི་ལྟ་གྲུབ་སློབ་གསོ་སྤྲད་འདུག
2022-03-10
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྣེ་ཁྲིད་ནས་བོད་མི་ཚོས་ལྡི་ལི་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་སྐབས་རྒྱ་གར་ཉེན་རྟོག་པས་ལས་འགུལ་བ་༧༠་འཛིན་བཟུང་བྱས་སོང་།
2022-03-09
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་རྒྱལ་གྱི་གཞོན་སྐྱེས་ཁག་ཅིག་དང་མཉམ་བོད་ནམ་ཡང་མ་བརྗེད་ཞེས་བའི་དངོས་བྱུང་གློག་བརྙན་དང་འབྲེལ་དྲ་ལམ་བརྒྱུད་བགྲོ་གླེང་མཛད་འདུག
2022-03-09
གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བ་དང་བསྟུན་རྒྱ་ནག་གཞུང་གིས་རྒྱལ་ས་ལྷ་ས་དང་ནག་ཆུ་སོགས་སུ་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ཐད་དམ་དྲག་ཇེ་ཆེར་བཏང་འདུག
2022-03-09
བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ཡིས་མོན་རྟ་དབང་དགོན་པར་བདུན་གཅིག་རིང་རྒྱུད་ཀྱི་རྒྱལ་པོ་གསང་བ་འདུས་པའི་བཀའ་ཁྲིད་གནང་བཞིན་འདུག
2022-03-09
རྒྱ་ནག་གཞུང་གིས་གསུམ་བཅུའི་དུས་དྲན་དང་བསྟུན་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ནང་དམག་མི་འགྲེམས་འཇོག་གིས་དམ་དྲག་བྱེད་བཞིན་ཡོད་འདུག
2022-03-08
རྒྱ་ནག་གཞུང་གིས་གཞི་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ཕྱི་ཟླ་ལྔ་པའི་ནང་ཤིན་ཅིང་ཚུད་པའི་རྒྱ་ནག་ནང་འཚམས་གཟིགས་སུ་ཕེབས་ཆོག་པའི་མོས་མཐུན་བྱས་ཡོད་འདུག