བཞུགས་སྒར་རྡ་རམ་ས་ལས་གཙོས་ས་ཕྱོགས་གང་སར་བོད་ཀྱི་བུད་མེད་ཀྱི་སྒེར་ལངས་ཐེངས་༦༣པར་གོམ་བགྲོད་སོགས་གནང་སྟེ་སྲུང་བརྩི་ཞུས་པ།







རྒྱ་ནག་དམར་པོའི་གཞུང་གིས་བོད་ནང་བཙན་འཛུལ་བྱས་པར་བརྟེན། ༡༩༥༩ ལོའི་སྤྱི་ཟླ་༣ པའི་ཚེས་༡༢ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལའི་མདུན་ཐང་དུ་བོད་ཀྱི་བུད་མེད་སྟོང་ཕྲག་ལྷག་འདུ་འཛོམས་ཀྱིས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ཐོག་དབང་བསྒྱུར་བྱས་པར་ཞི་རྒོལ་རྔམ་སྟོན་ཁྲོམ་སྐོར་གནང་ནས་ད་ཆ་མི་ལོ་ཧྲིལ་པོ་༦༣ འཁོར་གྱི་ཡོད་པ་རེད།
དུས་ཚིག་དེ་བཞིན་བཙན་བྱོལ་བོད་མི་གནས་སྡོད་ས་གནས་གང་སར་བུད་མེད་རྣམས་ཀྱིས་འགན་ཁུར་མཉམ་ལེན་གྱིས་བུད་མེད་སྒེར་ལངས་ཀྱི་ཉིན་མོ་ཞེས་ལོ་ལྟར་སྲུང་བརྩི་ཞུ་མུས་ཡིན་པ་ལྟར། བཞུགས་སྒར་རྡ་རམ་ས་ལས་གཙོས་ས་ཕྱོགས་གང་སར་བོད་ཀྱི་བུད་མེད་ཀྱི་སྒེར་ལངས་ཉིན་མོར་གོམ་བགྲོད་སོགས་གནང་སྟེ་སྲུང་བརྩི་ཞུས་ཡོད་པ་རེད། ཞིབ་ཕྲ་ས་གནས་ནས་འདི་གའི་གསར་འགོད་པ་རྣམ་པས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ།།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག