གསར་འགྱུར་ཡིག་ཚགས།
2023-02-14
བཙན་བྱོལ་ནང་གི་གདན་ས་གཙོ་བོ་རུམ་བཏེག་དགོན་པ་དེ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་དང་གནད་འགག་ཆེན་པོ་ཆགས་ཀྱི་ཡོད་པ་རྒྱལ་དབང་ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་གིས་གསུངས་འདུག
2023-02-13
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨ་མི་རི་ཀའི་རྒྱལ་སའི་ཁུལ་གྱི་གཞུང་འབྲེལ་ཕྱོགས་ཕེབས་འགྲུབ་རྗེས་ཨ་རིའི་ནུབ་ཕྱོགས་ཀྱི་མངའ་སྡེ་ཁག་ཅིག་ནང་ཕྱོགས་ཕེབས་གནང་བཞིན་འདུག
2023-02-13
ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་ལྕམ་(Wendy R. Sherman)་ལགས་ཀྱིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ཚོར་ལས་འགན་བདའ་འདེད་བྱེད་རྒྱུ་ཡིན་ཞེས་གྲོས་ཚོགས་གོང་མའི་ཉན་ཞིབ་སྐབས་གསུངས་འདུག
2023-02-13
ཉི་ཧོང་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅུ་ཡིས་མཉམ་དུ་༧གོང་ས་མཆོག་གི་མ་འོངས་སྐུའི་ཡང་སྲིད་གཙོས་བོད་བརྒྱུད་ནང་བསྟན་གྱི་གནད་དོན་ལ་རྒྱ་ནག་གཞུང་གིས་ཐེ་ཇུས་བྱེད་མི་ཆོག་པའི་གྲོས་ཆོད་བཞག་འདུག
2023-02-11
འབྲུག་རྒྱལ་ཁབ་ནས་ཡིན་པའི་ན་གཞོན་བུ་མོ་བསོད་ནམས་ཡོན་ཏན་ལགས་ཀྱིས་བསྟོད་གླུའི་མཆོད་པ་ཕུལ་བར་༧གོང་ས་མཆོག་གིས་ཐུགས་དགྱེས་ཉམས་ཆེན་པོ་མཛད།
2023-02-10
ཁེ་ཎ་ཌ་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་འགྲོ་བ་མིའི་ཐོབ་ཐང་ཚན་པས་བོད་ནང་གི་གཏན་འཇགས་སློབ་གྲྭ་དང་འབྲེལ་བའི་སྐོར་ལ་ཉན་ཞིབ་ཞིག་གནང་ཡོད་པ་རེད་འདུག
2023-02-10
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་དབུས་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཉུང་མི་རིགས་ཀྱི་ལྷན་ཚོགས་ནང་པའི་སྐུ་ཚབ་རིན་ཆེན་ལྷ་མོ་ལགས་སུ་དམིགས་བསལ་མཇལ་ཁ་བསྩལ་གནང་མཛད་ཡོད་པ།
2023-02-10
ད་ལྟའི་ཆར་ལྷ་ས་ཁུལ་དུ་གཞུང་འབྲེལ་ངོས་ནས་ཆབ་སྲིད་ཀྱི་དུས་ཚོད་ཛ་དྲག་ཤོས་ཤིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པས། མི་མང་གིས་སྤྱི་ཚོགས་བདེ་འཇགས་ལ་འགན་འཁུར་དགོས་སྐོར་བརྗོད་བཞིན་ཡོད་པ།
2023-02-09
རྒྱ་ནག་གཞུང་གིས་བྲག་མགོ་རྫོང་དུ་ཆོས་དད་རང་དབང་རྡོག་རོལ་དང་དྲག་གནོན་བྱས་བའི་དཔང་རྟགས་སྙན་ཐོ་ཐོན་པར་བརྟེན་ནས་དབྱིན་ཇིའི་གཞུང་གིས་རྒྱ་ནག་ལ་ལངས་ཕྱོགས་མཁྲེགས་པོ་འཛིན་སྲིད་པ་བོད་གནས་ལྟ་ཞིབ་ཁང་གིས་ངོས་འཛིན་གནང་གི་འདུག
2023-02-09
ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་བསྐྱར་དུ་བཏོན་གནང་བར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དགའ་བསུ་ཞུས་འདུག
2023-02-09
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་གྲངས་ཉུང་དམངས་གཙོ་ཚོགས་པའི་དབུ་ཁྲིད་གསར་པ་བཅས་ལ་ཕྱོགས་ཕེབས་རྗེས་མའི་སྐབས་མཇལ་འཕྲད་གནང་རྒྱུ་ཡིན་པ་གསུངས་བྱུང་།
2023-02-08
བོད་དོན་དཀའ་རྙོག་དེ་བཞིན་ཞི་བའི་གྲོས་མོལ་གྱི་ལམ་ནས་སེལ་ཐབས་ཐད་ཨ་རིའི་གཞུང་གིས་རྒྱབ་སྐྱོར་སྲིད་ཇུས་ཤུགས་ཆེ་རུ་གཏོང་ཐབས་སུ་ཨ་མི་རི་ཀའི་གྲོས་ཚོགས་ནང་ཁྲིམས་འཆར་བསྐྱར་དུ་བཏོན་འདུག
2023-02-08
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྣེ་ཁྲིད་པའི་བོད་མིའི་སྐུ་ཚབ་ཀྱིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་(Nancy Pelosi)་ལགས་གཙོས་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་མོལ་གནང་འདུག
2023-02-08
བོད་ཀྱི་དཔེ་མཛོད་ཁང་གིས་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱི་དངོས་མྱོང་ལོ་རྒྱུས་བདེན་རྒྱབ་འཚོལ་བའི་འབོད་སྒྲ་ཟེར་བ་བཅས་དེབ་ལྔ་དཔར་བསྐྲུན་འགྲེམས་སྤེལ་གནང་སོང་།
2023-02-08
ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་གིས་མ་འོངས་རྒྱ་བལ་འབྲུག་གསུམ་ནང་ཕེབས་འདུན་ཡོད་པ་དང་ཕྱིར་རྒྱ་གར་དུ་ཕེབས་ཆེད་རྒྱ་གར་གཞུང་དང་བཀའ་མོལ་གནང་མུས་ཡིན་པ་གསུང་འདུག