རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་ལས་འགན་བདའ་འདེད་བྱེད་རྒྱུ་ཡིན་པ་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པས་གསུང་འདུག

2023.02.13
རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་ལས་འགན་བདའ་འདེད་བྱེད་རྒྱུ་ཡིན་པ་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པས་གསུང་འདུག ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་ལྕམ་(Wendy R. Sherman)་ལགས།
C-SPAN

དེ་ཡང་སྤྱི་ཟླ་༢པའི་ཚེས་༩ཉིན། ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་ཝེན་ཌེ་ཤཱར་མན་(Wendy R. Sherman)་ལགས་ཀྱིས། ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་འཐབ་ཇུས་འགྲན་རྩོད་དུས་རབས་ཀྱི་ཨ་རི་དང་རྒྱ་ནག་གི་སྲིད་ཇུས་དཔྱད་ཞིབ་ཅེས་པའི་ཉན་ཞིབ་སྐབས་དཔང་ཡིག་ཅིག་སྒྲོག་སྦྱོང་གནང་ཡོད་པ་དང་། དྲུང་ཆེ་གཞོན་པ་ལྕམ་ཤཱར་མན་ལགས་ཀྱིས་བོད་དང་ཤར་ཏུར་ཀི་སི་ཐན་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ཚོར་ལས་འགན་བདའ་འདེད་བྱེད་རྒྱུ་དང་། ཧོང་ཀོང་མི་མང་ལ་རྒྱབ་སྐྱོར་བྱས་ཏེ་བྱེད་ཐབས་ཡོད་དོ་ཅོག་གིས་རྒྱ་ནག་གཞུང་གིས་དྲང་བདེན་མིན་པར་བཀག་ཉར་བྱས་པའི་ཨ་རི་བ་ཚང་མ་ཕྱིར་ཨ་རིའི་ནང་ལ་ཁྲིད་ཡོང་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། དེ་མིན་ཡང་ཁོང་གིས། རྒྱ་ནག་ནི་རྒྱལ་སྤྱིའི་སྒྲིག་གཞི་བསྐྱར་དུ་བཟོ་འདོད་ཡོད་པ་དང་། བཟོ་ནུས་པའི་འགན་རྩོད་པ་ཁོ་ན་དེ་ཡིན། ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་དུ་འཁྲུག་རྐྱེན་བསླངས་པ་དང་། དེ་བཞིན་དུ་བོད་དང་ཧོང་ཀོང་། ཤར་ཏུར་ཀི་སི་ཐན་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ། ཐེ་ཝན་ལ་དཔལ་འབྱོར་གྱི་སྡིགས་བསྐུལ་བྱེད་པ་སོགས་ང་ཚོས་འཛམ་གླིང་གང་ས་ནས་མཐོང་ཟིན་པ་རེད་ཅེས་རྒྱ་ནག་གི་བྱ་སྤྱོད་ཐེར་འདོན་བྱས་འདུག
དེ་མིན་ཉན་ཞིབ་སྐབས། ལྕམ་ཤཱར་མན་ལགས་ཀྱིས་ཨ་མེ་རི་ཀས་མུ་མཐུད་དུ་མཐུན་ཕྱོགས་རྒྱལ་ཁབ་ཚོ་དང་མཉམ་ལས་བྱས་ནས། རྒྱ་ནག་གིས་རྒྱལ་མཚམས་བརྒལ་ནས་དྲག་གནོན་དང་རྒྱལ་ཁབ་གཞན་གྱི་ནང་དུ་བཙུགས་པའི་ཉེན་རྟོག་ལས་ཁང་སོགས་ལ་དོ་སྣང་ཆེན་པོ་བྱེད་རྒྱུ་ཡིན། ང་ཚོས་རྒྱ་ནག་དང་འགྲན་རྩོད་དྲག་པོ་བྱེད་རྒྱུ་དང་། དུས་མཉམ་དུ་འགན་ཁུར་བའི་སྒོ་ནས་འགྲན་རྩོད་དེ་རིགས་ལ་དོ་དམ་བྱེད་ངེས་ཡིན། ཆབས་ཅིག་ཏུ་ང་ཚོས་འབྲེལ་ལམ་གུ་ཡངས་རྒྱུན་འཛིན་རྒྱུ་ཡིན། དེ་ལྟར་བྱས་ན་ནོར་འཛོལ་བྱུང་ནས་འགལ་རྐྱེན་དུ་མི་འགྱུར་རྒྱུར་སྔོན་འགོག་བྱེད་ཐུབ་པ་མ་ཟད། འགན་ཁུར་བའི་སྒོ་ནས་ང་ཚོ་རྒྱལ་ཁབ་གཉིས་བར་གྱི་འགྲན་རྩོད་ལ་དོ་དམ་བྱེད་རྒྱུ་ཡིན་ཞེས་གསལ་བཤད་གནང་འདུག


གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎