གསར་འགྱུར་ཡིག་ཚགས།
2022-02-24
ཨུ་རུ་སུའི་དྲག་པོའི་དམག་དཔུང་གིས་ཡུའུ་ཁུ་རེན་གྱི་ཤར་ཕྱོགས་ཀྱི་གྲོང་ཁྱེར་ཁག་གཉིས་ནས་བཙན་འཛུལ་བྱས་ཏེ་དམག་གི་རྟེན་གཞི་སོགས་ལ་གཏོར་རྒོལ་གཏོང་བཞིན་པར་ད་བར་མི་གྲངས་བཅུ་ཕྲག་ཁ་ཤས་ཤི་རྨས་བྱུང་ཡོད་འདུག
2022-02-23
བོད་ནང་གི་སློབ་གྲྭ་ཁག་མང་པོའི་སློབ་མ་ཚོར་དགུན་ཁའི་གུང་སེང་སྐབས་ས་གནས་མང་ཚོགས་ལ་རྒྱ་ནག་གི་ཆབ་སྲིད་སློབ་གསོ་དྲིལ་བསྒྲགས་བྱེད་དགོས་བ་དང་དེ་བྱས་ཡོད་པའི་དཔང་རྟགས་འཁྱེར་ཡོང་དགོས་བའི་བཀའ་བཏང་འདུག
2022-02-23
རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་གི་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་རྐྱེན་གྱིས་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་བར་འབྲེལ་བ་བྱེད་རྒྱུའི་ཐད་དཀའ་ངལ་ཇེ་ཆེར་འགྲོ་བཞིན་འདུག
2022-02-23
ཨ་རིའི་(NBA)་སིལ་སྤོལ་རྩེད་འགྲན་པ་(Enes Kanter Freedom)་ལགས་ཀྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་དྲ་ཐོག་ནས་མཇལ་ཁ་ཞུས་གནང་འདུག
2022-02-23
ཐེངས་འདིར་གཏོར་བཤིག་བཏང་བའི་གུ་རུའི་སྐུ་བརྙན་དེ་བཞིན་འཛུགས་སྐྲུན་བྱས་ཏེ་ལོ་༦་ཙམ་ལས་མིན་པ་དང་། སྐུ་བརྙན་གཏོར་བཤིག་གཏོང་དགོས་པའི་ཉེན་བརྡ་དེ་སྔར་ལོ་ནས་བཏང་ཡོད་འདུག
2022-02-22
ཨ་མི་རི་ཀས་ཐེ་ཝན་ལ་གོ་མཚོན་བཙོང་པར་བརྟེན་རྒྱ་ནག་གཞུང་གིས་ཨ་རིའི་གོ་མཚོན་བཟོ་གྲྭ་གཉིས་ལ་ཉེས་ཆད་བཀལ་འདུག་ཀྱང་ཉེས་ཆད་ཀྱི་ངོ་བོ་སོགས་ཁ་གསལ་མི་འདུག
2022-02-22
རྒྱ་ནག་དང་ཨུ་རུ་སུས་མ་ཡན་མར་ཡུལ་གྱི་དམག་དཔུང་ལ་མུ་མཐུད་དུ་གོ་མཚོན་མཁོ་འདོན་བྱེད་ཀྱི་ཡོད་པ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཆེད་མཁས་པས་བརྗོད་འདུག
2022-02-22
མི་ལོ་བཅུ་བདུན་ལྷག་རིང་བཙོན་འཇུག་བྱས་མྱོང་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ངག་དབང་རྒྱལ་མཚན་ལགས་ལྷ་སར་འདས་གྲོངས་སུ་ཕྱིན་འདུག
2022-02-22
བོད་ནང་འབྲོག་པའི་རྩྭ་སའི་བདག་དབང་འཕྲོག་པའི་དབང་གིས་བོད་མི་ཚོས་འཚོ་གནས་ལ་དཀའ་ངལ་འཕྲད་དེ་རྒྱ་ནག་ཏུ་ལས་ཀ་བྱེད་དུ་མི་འགྲོ་ཀ་མེད་ཆགས་ཡོད་པ་རེད་འདུག
2022-02-21
རྒྱལ་སྤྱིའི་ཕ་སྐད་ཉིན་མོ་དང་བསྟུན་བོད་སྐད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག་དེ་བོད་ཀྱི་རོང་འབྲོག་མང་ཚོགས་ལ་ཐུག་ཡོད་པ་ལས།གཞུང་གཉེར་སློབ་གྲྭ་ཁག་ལ་རེ་བ་བརྒྱབ་ས་མེད་ཅེས་བརྗོད་འདུག
2022-02-19
ཨོའསི་ཊེ་ལི་ཡའི་ནང་གནས་སྡོད་བོད་མི་ཁག་ཅིག་གིས་པེ་ཅིང་གི་ཨོ་ལོམ་པིཀསི་རྩེད་འགྲན་མཇུག་བསྒྲིལ་བའི་དུས་སྐབས་དང་བསྟུན་ཚུ་ཚོད་༢༤རིང་ཟས་བཅད་ངོ་རྒོལ་དང་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་བ།
2022-02-19
གངས་ཤུད་རྩེད་འགྲན་པ་ Gus kenworthy་ཡིས་རྒྱལ་སྤྱིའི་ཨོ་ལོམ་པིཀསི་རྩེད་འགྲན་ལྷན་ཚོགས་ལ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བསམ་ཞིབ་གནང་དགོས་པའི་ཛ་དྲག་འབོད་སྐུལ་ཞུས་པ།
2022-02-19
བུ་མོ་ཆོས་སྒྲོན་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ཉིན་གྲངས་༥ལྷག་འགྲོ་བཞིན་ཡོད་ཀྱང་ད་དུང་ཁོང་མོ་གང་དུ་ཡོད་མེད་དང་གནས་སྟངས་གང་འདྲ་ཡིན་སོགས་ཤེས་རྟོག་མེད་པ་།
2022-02-18
གསུམ་བཅུ་དུས་དྲན་སླེབས་ལ་ན་ཉེ་བའི་སྐབས་འདིར་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་གི་དྲུང་ཆེ་ཝང་ཅུན་ཀྲེང་ཡིས་ལྷ་སར་ཡོད་པའི་དགོན་སྡེ་ཁག་ཅིག་ནང་བརྟག་ཞིབ་བྱས་པ་དེ་ནི་གཙོ་བོ་ས་ཁུལ་དེ་དག་བརྟན་ལྷིང་ཡོང་རྒྱུའི་ཆེད་དུ་ཡིན་པ་འབྲེལ་ཡོད་བོད་གནས་ཉམས་ཞིབ་པ་གཉིས་ཀྱིས་འགྲེལ་བརྗོད་གནང་བྱུང་།
2022-02-17
བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་ལགས་ཀྱིས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཁང་གི་སྐུ་ཚབ་Rashad Hussain ལགས་མཇལ་འཕྲད་གནང་སྐབས་Rashad ལགས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཇལ་འཕྲད་ཞུ་རྒྱུའི་འདུན་པ་ཤུགས་ཆེ་ཡོད་སྐོར་གསུངས་ཡོད་འདུག