རྒྱལ་སྤྱིའི་ཨོ་ལོམ་པིཀསི་རྩེད་འགྲན་ལྷན་ཚོགས་ལ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བསམ་ཞིབ་གནང་དགོས་པའི་འབོད་སྐུལ།

2022.02.19
རྒྱལ་སྤྱིའི་ཨོ་ལོམ་པིཀསི་རྩེད་འགྲན་ལྷན་ཚོགས་ལ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བསམ་ཞིབ་གནང་དགོས་པའི་འབོད་སྐུལ། ༢༠༢༢།༢།༡༧།ཨིན་ཇིའི་ནང་སྐྱེས་པ་དང་ཨ་རི་དང་ཨིན་ཇི་གཉིས་ཀྱི་མི་སེར་ཐོབ་ཐང་ཡོད་པའི་གངས་ཤུད་རྩེད་འགྲན་པ་ Gus Kenworthy།
ཨེ་ཨེཕ་པི།

རོའི་ཊར་གསར་འགྱུར་བརྒྱུད་ལམ་གྱིས་ཕྱི་ཚེས་༡༩ཉིན་གནས་ཚུལ་སྤེལ་བ་ལྟར་ན། གངས་ཤུད་རྩེད་འགྲན་པ་Gus Kenworthy ཡིས་གཟའ་སྤེན་པའི་ཉིན། རྒྱལ་སྤྱིའི་ཨོ་ལོམ་པིཀསི་རྩེད་འགྲན་ལྷན་ཚོགས་ཀྱིས་རྩེད་འགྲན་མགྲོན་བདག་རྒྱལ་ཁབ་འདེམ་སྒྲུག་བྱེད་པའི་སྐབས་ཡུལ་གྲུ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐད་ངེས་པར་དུ་བསམ་ཞིབ་བྱ་དགོས་པའི་སྐོར་གསུངས་འདུག
གངས་ཤུད་རྩེད་འགྲན་པ་ Gus Kenworthy ཡིས་ཨོ་ལོམ་པིཀསི་རྩེད་འགྲན་སྤེལ་རྒྱུར་རྒྱབ་སྐྱོར་ཞུ་ཡི་ཡོད་པ་དང་། ཡིན་ན་ཡང་ཨོ་ལོམ་པིཀསི་ལྟ་བུའི་འཛམ་གླིང་ཡུལ་གྲུ་མང་པོས་ལྟས་མོ་ལྟ་བཞིན་པའི་སྡིངས་ཆ་དེའི་ཐོག་ཡར་ཐོན་གྱི་རྣམ་པ་བསྐྲུན་རྒྱུར་གོ་སྐབས་ཡོད་པ་ཞིག་ཡིན་པ་དང་། དེར་བརྟེན་རྒྱལ་སྤྱིའི་ཨོ་ལོམ་པིཀསི་རྩེད་འགྲན་ལྷན་ཚོགས་ཀྱིས་ཐག་གཅོད་དེ་རིགས་བྱེད་པའི་སྐབས་འགྱུར་ལྡོག་ལ་ཡང་བསམ་ཞིབ་གནང་དགོས་པའི་སྐོར་གསུངས་ཏེ་དེ་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་ཡིན་པ་གསུངས་འདུག གངས་ཤུད་རྩེད་འགྲན་པ་ Gus Kenworthy ཨིན་ཇིའི་ནང་སྐྱེས་པ་དང་ཨ་རི་དང་ཨིན་ཇི་གཉིས་ཀྱི་མི་སེར་ཐོབ་ཐང་ཡོད་ཅིང་། ཁོང་གིས་ཕྱི་ལོ་༢༠༡༤ལོར་ར་ཤི་ཡའི་ནང་སྤེལ་བའི་དགུན་དུས་ཨོ་ལོམ་པིཀསི་རྩེད་འགྲན་ནང་ཨ་རིའི་རྩེད་འགྲན་པའི་མིང་ཐོག་ནས་གངས་ཤུད་འགྲན་བསྡུར་ནང་དངུལ་གྱི་རྟགས་མ་ཐོབ་ཡོད་པ་དང་། ད་རེས་ཁོང་གིས་ཨིན་ཇིའི་རྩེད་འགྲན་པའི་མིང་ཐོག་ནས་པེ་ཅིན་དགུན་དུས་ཨོ་ལོམ་པིཀསི་རྩེད་འགྲན་ནང་མཉམ་བཞུགས་གནང་ཡོད་པ་རེད།
རྒྱལ་སྤྱིའི་ཨོ་ལོམ་པིཀསི་རྩེད་འགྲན་ཚོགས་ཆུང་གིས་བརྗོད་ན། ཨོ་ལོམ་པིཀསི་རྩེད་འགྲན་ལྷན་ཚོགས་དང་མགྲོན་བདག་ཡུལ་གྲུའི་དབར་གྱི་གན་རྒྱ་གཞིར་བཟུང་ལྟར། འགྲན་བསྡུར་ནང་ཞུགས་མཁན་ཚང་མས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་འགན་ལེན་བྱ་དགོས་ཀྱི་ཡོད་ནའང་རྒྱལ་སྤྱིའི་ཨོ་ལོམ་པིཀསི་རྩེད་འགྲན་ལྷན་ཚོགས་ལ་ཁྲིམས་ལུགས་ལ་འགྱུར་བཅོས་དང་མགྲོན་བདག་ཡུལ་གྲུའི་ནང་སྲིད་ལ་ཐེ་བྱུས་བྱེད་དབང་མེད་ལུགས་ནན་བརྗོད་བྱས་ཡོད་འདུག
གསར་འགོད་པ། འཆི་མེད།
དྲ་ཐོག་རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎