ཧ་ལྦེལ་མཆོག་དགོངས་རྫོགས་པ།

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ལྦཁ་ལལྦ་ཧ་ལྦེལ་མཆོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་།

2011.12.18
༸གོང་ས་མཆོག་དང་ཧ་ཝེལ་མཆོག་གི་མཇལ་འཕྲད།
༸གོང་ས་མཆོག་གི་དྲ་གནས།

༄༅༎ཕྱི་ཟླ་༡༢ཚེས་༡༨རེས་གཟའ་ཉི་མའི་ཉིན་དགུང་གྲངས་༧༥་ཕེབས་པའི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་Vaclav Havel མཆོག་ སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག་ དེ་སྔ་དམར་པོའི་རྒྱལ་ཁབ་ཡིན་པ་Czechoslovakia གཞུང་ལ་ཕྱི་ལོ་༡༩༨༩་ལོར་ Velvet Revolution འམ་སྤུ་མའི་གསར་བརྗེ་ཞེས་པའི་ལས་འགུལ་སྣེ་འཁྲིད་གནང་སྟེ་འཚེ་མེད་ཞི་བའི་ལམ་ནས་དམར་པོའི་གཞུང་འཛིན་མགོ་རྟིང་སློག་གནང་མཁན་ Vacalv Havelམཆོག་ཁ་ས་སྔ་དྲོ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་མི་དང་རྒྱལ་སྤྱིའི་དབུ་ཁྲིད་རྣམས་ཀྱིས་མྱ་ངན་གུ་བཏུད་ཞུ་བཞིན་འདུག་པས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་Prague ཡི་རྒྱལ་སའི་ནང་ཡོད་སྲིད་འཛིན་ལས་ཁུངས་རྒྱལ་ཁང་སྟེ་དར་ཆ་ནག་པོ་སྒྲེང་པ་དང་ མི་མང་རྣམས་ཀྱིས་མར་མེ་སྤར་ནས་ཁོང་ལ་མྱ་ངན་ཞུ་མུས་ཡིན་པ་མ་ཟད།  Mr. President, thank you for democracy སྲིད་འཛིན་དམ་པ་ཁྱེད་ནས་རྒྱལ་ཁབ་ནང་མང་གཙོའི་ལམ་ལུཌ་དར་འཕེལ་གནང་བར་ཐུཌ་རྗེ་ཆེ་ཞེས་འཁོད་པའི་བརྡ་ལན་ཞིག་རྒྱལ་ས་Prague ནང་གསར་བརྗེའི་ལས་འགུལ་གྱི་དྲན་བརྟེན་ཞིག་ཡོད་པ་དེར་བཞཌ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
བོད་སྐད་སྡེ་ཚན།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎