བཀའ་བློན་ཁྲི་པའི་འོས་བསྡུའི་སྒྲིག་གཞིར་བསྒྱུར་བཅོས།

མ་འོངས་བཀའ་བློན་ཁྲི་པའི་འོས་མིའི་འགྲན་བསྡུར་ནང་བཞེངས་མཁན་གྱི་འོས་མི་གཅིག་ལས་མེད་ཀྱང་དེར་རྒྱལ་ཁ་ཐོབ་པར་ངོས་འཛིན་བྱ་རྒྱུ།

2010.03.21

༄༅༎བཙན་བྱོལ་བོད་མིའི་གྲོས་ཚོགས་སྐབས་བཅུ་བཞི་པའི་ཚོགས་དུས་དགུ་པའི་ཐོག་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་འོས་འདེམས་ཀྱི་སྒྲིག་གཞིར་བསྒྱུར་བཅོས་བཏང་སྟེ། མ་འོངས་པའི་བཀའ་བློན་ཁྲི་པའི་འོས་མིའི་འགྲན་བསྡུར་ནང་བཞེངས་མཁན་གྱི་འོས་མི་ གཅིག་ལས་མེད་ཀྱང་དེར་བཀའ་བློན་ཁྲི་པའི་འོས་བསྡུའི་རྒྱལ་ཁ་ཐོབ་པར་ངོས་འཛིན་བྱ་རྒྱུ་ཡིན་པ་རེད། བཙན་བྱོལ་བོད་གཞུང་གི་གྲོས་ཚོགས་སྐབས་བཅུ་བཞི་པའི་ཚོགས་དུས་དགུ་པ་དེ་ནི་ཕྱི་ཚེས་༢༠ཉིན་མཇུག་སྒྲིལ་ཡོད་པ་དང། མ་འོངས་པའི་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་འོས་འདེམས་ཀྱི་སྒྲིག་གཞི་གསར་པ་གཏན་འབེབས་གནང་བ་དེ་ནི། བཙན་བྱོལ་བོད་གཞུང་གི་འོས་བསྡུ་ལྷན་ཁང་གི་དེ་སྔའི་སྒྲིག་གཞི་དོན་ཚན་༦༧གྱི་ནང་གསེས་༤པར་བསྒྱུར་བཅོས་བཏང་གནང་བ་ཞིག་དང། དེ་སྔའི་སྒྲིག་གཞི་རྙིང་པའི་ནང་དུ་བཀའ་བློན་ཁྲི་པའི་འོས་བསྡུ་མཐའ་མའི་སྐབས་ངེས་པར་དུ་འོས་མི་གཉིས་ཉུང་མཐར་དགོས་པ་དང། གལ་ཏེ་འོས་མི་གཅིག་ལས་བཞེངས་མཁན་མེད་ཚེ་བསྐྱར་དུ་འོས་བསྡུ་བྱེད་དགོས་པ་བཞིན། ད་ལྟའི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་དེ་སྔ་༢༠༠༡ལོར་བཀའ་བློན་ཁྲི་པའི་འོས་མིང་ནང་བཞེངས་པའི་སྐབས་སྔོན་འགྲོའི་འོས་བསྡུའི་སྐབས་ཟམ་གདོང་རིན་པོ་ཆེར་འོས་འཕེན་གྱི་རྒྱལ་ཁ་ཆེ་བ་ཐོབ་ཡོད་ཀྱང། སྐབས་དེར་ཁ་གཏད་དུ་བཀའ་བློན་ཁྲི་པའི་འོས་མི་བཞེངས་མཁན་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་བཞེངས་མེད་པ་ཡིན་ཚེ། བསྐྱར་དུ་བཀའ་བློན་ཁྲི་པའི་འོས་བསྡུ་བྱེད་དགོས་པའི་སྒྲིག་གཞི་དེར་ད་རེས་གྲོས་ཚོགས་ཐོག་བསྒྱུར་བཅོས་བཏང་སྟེ། ད་ལྟའི་བཀའ་བློན་ཁྲི་པའི་མཛད་འཁུར་གྱི་ལོ་དུས་རྫོགས་པའི་རྗེས་སུ། བཀའ་བློན་ཁྲི་པའི་འོས་བསྡུ་མཐའ་མའི་སྐབས་འོས་མི་གཅིག་ལས་མེད་ཀྱང་དེར་འོས་བསྡུའི་རྒྱལ་ཁ་ཐོབ་པར་ངོས་འཛིན་དང་གསལ་བསྒྲགས་གནང་རྒྱུ་ཡིན་པ་དང། ཡིན་ནའང་འོས་མི་གཅིག་པོ་དེར་སྔོན་འགྲོའི་འོས་བསྡུའི་ནང་ངེས་པར་དུ་འོས་ཤོག་གི་བརྒྱ་ཆ་༥༡ཐོབ་དགོས་པ་ཡིན་ཞིང། གལ་ཏེ་འོས་མི་གཅིག་པོ་དེར་སྔོན་འགྲོའི་འོས་ཤོག་གི་བརྒྱ་ཆ་དགོས་ངེས་ཀྱི་ཚད་གཞི་མ་ལོན་པ་ཡིན་ཚེ། འོས་བསྡུ་ལྷན་ཁང་གིས་བསྐྱར་དུ་འོས་བསྡུ་བྱ་དགོས་པའི་གསལ་བསྒྲགས་གནང་རྒྱུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎