ཨེ་ཝེ་ཝེ་ཡི་ཁྲིམས་གཏུགས་ངོས་ལེན་བྱས་མི་འདུག

རྒྱ་ནག་གི་གྲགས་ཅན་སྒྱུ་རྩལ་པ་ཨེ་ཝེ་ཝེ་ཡི་ལ་པེ་ཅིན་གྱི་ས་གནས་ཁྲལ་དོན་ལས་ཁུངས་ཀྱིས་རྒྱ་སྒོར་ཁྲི་ཚོ་ཆིག་སྟོང་ལྔ་བརྒྱ་ཉེར་གཉིས་ཀྱི་ཉེས་ཆད་བཅད་པ་དེ་ནི་དྲང་བདེན་མིན་པའི་ཁྲིམས་གཏུགས་བྱས་པར་པེ་ཅིན་ཁྲིམས་ཁང་གིས་ངོས་ལེན་བྱས་མི་འདུག

2012.07.20

ཁྲིམས་གཏུགས་ངོས་ལེན་མ་བྱས་བའི་ཐོག་པེ་ཅིན་ས་གནས་ཁྲལ་དོན་ལས་ཁུངས་ཀྱི་ཉེས་ཆད་བཅད་པའི་བྱེད་སྟངས་བརྒྱུད་རིམ་ཁྲིམས་ལུགས་དང་མཐུན་ཡོད་པ་མ་ཟད་།  ཐག་གཅོད་བྱེད་སྟངས་འོས་ཤིང་འཚམས་པོ་རེད་ཅེས་ཐག་གཅོད་ལན་འདེབས་བྱས་ཡོད་འདུག  ཐག་གཅོད་ཀྱི་ལན་འདེབས་དེ་བྱེད་པའི་སྐབས་པེ་ཅིན་ཁྲིམས་ཁང་གིས་ཨེ་ཝེ་ཝེ་ཡི་ཀྱི་ཁྲིམས་གཏུགས་གྱོད་དོན་ཐོག་ལན་འདེབས་བྱེད་པའི་སྐབས་ཨེ་ཝེ་ཝེ་ཡི་ཀྱི་བཟའ་ཟླ་དང་ཁྲིམས་རྩོད་པ་ཟུར་ཉན་དུ་བཏང་བ་ལས་ཨེ་ཝེ་ཝེ་ཡི་ཁོང་ཉིད་ཁྲིམས་ཁང་ནང་མི་བཏང་བར་ཁོང་སྡོད་སའི་གཡས་གཡོན་དུ་ཉེན་རྟོག་པས་དམ་བསྒྲཌ་སྲུང་བྱ་ནན་པོ་བྱས་ཡོད་པའི་ཁར་ཁྲིམས་ཁང་གི་སྒོ་འགྲམ་དུ་ཡང་ཉེན་རྟོག་རླངས་འཁོར་ཉི་ཤུ་ལྷག་གིས་དམ་བསྒྲཌ་ནན་པོ་བྱས་ཡོད་པ་རེད།   པེ་ཅིན་ས་གནས་ཁྲལ་སྡེ་ལས་ཁང་གིས་ཨེ་ཝེ་ཝེ་ཡི་ཐོག་བཀལ་བའི་མ་དངུལ་ཉེས་ཆད་ལ་ཨེ་ཝེ་ཝེ་ཡི་ཀྱིས་འདོད་མོས་མེད་པར་པེ་ཅིན་ཁྲིམས་ཁང་དུ་ཁྲིམས་གཏུགས་བྱས་པ་དེར་ པེ་ཅིན་ཁྲིམས་ཁང་གིས་པེ་ཅིན་ཁྲལ་སྡེ་ལས་ཁུང་གི་ཐག་གཅོད་དེར་རྒྱབ་སྐྱོར་གྱི་ཁྲིམས་ཐག་བཅད་པའི་ཐོག  སྒྱུ་རྩལ་བ་ཨེ་ཝེ་ཝེ་ཡི་ངས་སྔ་ས་ནས་ཁྲིམས་ཁང་གིས་འཁྱོག་བཤད་བྱེད་ངེས་ཡིན་པ་ཚོད་དཔག་བྱས་ཡོད།  ཡིན་ནའི་དེ་ནི་རྒྱལ་ཁབ་ཀྱིས་གླེན་ལྐུག་བྱེད་སྟངས་དང་། དོན་དངོས་དང་རྩ་བ་ནས་མི་མཐུན་པའི་བཤད་སྟངས་རེད་ཅེས་བརྗོད་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎