དམག་འཐབ་བྱེད་ཐུབ་པའི་ནུས་པ་མེད་པར་ངོས་འཛིན།

ཉེ་ཆར་རྒྱ་ནག་གིས་གནམ་གྲུ་སྦྲགས་མའི་དམག་གྲུ་ཆེན་པོ་ཞིག་མཚོ་ཐོག་ལ་དངོས་སུ་བཏང་བ་དེར་དམག་དོན་མཁས་པ་ཚོས་མིག་སྔར་དམག་འཐབ་བྱེད་ཐུབ་པའི་ནུས་པ་མེད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་འདུག

2012.09.26

རེས་གཟའ་མིག་དམར་ཉིན། རྒྱ་ནག་ཕྱོགས་ནས་རྒྱ་ནག་གི་ཐོག་མའི་གནམ་གྲུ་སྦྲགས་མའི་དམག་གྲུ་ཆེན་པོ་ཞིག་དངོས་སུ་མཚོ་ཐོག་ལ་བཏང་ཡོད་པ་དང་། དམག་གྲུ་ཆེན་པོ་དེ་དངོས་སུ་མཚོ་ཐོག་ལ་བཏང་བའི་མཛད་སྒོའི་ཐོག་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་དང་། སྲིད་བློན་ཝུན་ཅ་པའོ་གཉིས་མཉམ་ཞུགས་བྱས་ཡོད་པ་མ་ཟད། ད་དུང་རྒྱ་ནག་གི་དམག་དོན་མཁས་པ་ཚོས་། སེམས་འགུལ་ཚད་མེད་ཐེབས་པའི་ངང་ཚུལ་གྱི་ཐོག་ནས་། ལེའུ་ཉིང་རྟགས་ཅན་ཞེས་འབོད་པའི་རྒྱ་ནག་གི་གོང་བརྗོད་གནམ་གྲུ་སྦྲགས་མའི་དམག་གྲུ་ཆེན་པོ་དེའི་གལ་ཆེའི་རང་བཞིན་སྐོར་ལ་གཏམ་གླེང་བྱས་པ་དང་། ཆབས་ཅིག་རྒྱ་ནག་རྒྱལ་སྲུང་ལྷན་ཁང་ནས་གཏམ་བཤད་ཅིག་སྤེལ་ཏེ། རྒྱ་ནག་གི་ཡུན་རིང་ངང་སྒུག་བྱས་པའི་གནམ་གྲུ་སྦྲགས་མའི་དམག་གྲུ་ཆེན་པོ་དེ་ཉེ་ཆར་མཚོ་ཐོག་ལ་དངོས་སུ་བཏང་བ་དེ་ནི། ཉེ་དུས་ཀྱི་རྒྱ་ནག་ཤར་རྒྱ་མཚོའི་མཚོ་གླིང་ཁག་གི་བདག་དབང་ཐོག་རྒྱ་ནག་དང་ཉི་ཧོང་དབར་རྩོད་རྙོགས་བྱུང་བའི་གནས་ཚུལ་དེའི་ཐད་དམིགས་པ་ཞིག་མ་ཡིན་པའི་གནས་ཚུལ་འགྲེལ་བརྗོད་ཀྱང་བྱས་པ་དང་། ད་དུང་ད་རེས་རྒྱ་ནག་གི་གནམ་གྲུ་སྦྲགས་མའི་དམག་གྲུ་ཆེན་པོ་ཞིག་དངོས་སུ་མཚོ་ཐོག་ལ་བཏང་བ་དེས་། རྒྱ་ནག་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས་། འཕེལ་རྒྱས་ཀྱི་འབྲས་བུ་སྲུང་སྐྱོབ་བྱེད་རྒྱུ་དང་། འཛམ་གླིང་ཞི་བདེར་སྐུལ་འདེད་དང་ཐུན་མོང་ཡར་རྒྱས་གོང་འཕེལ་གཏོང་རྒྱུའི་ཐོག་ནུས་པ་ཆེན་པོ་ཐོན་རྒྱུ་ཡིན་པར་བརྗོད་ཡོད་ལ། ཡིན་ནའང་ཕྱི་རྒྱལ་གྱི་དམག་དོན་མཁས་པ་ཁག་ཅིག་གིས་། རྒྱ་ནག་གི་མཚོ་ཐོག་དམག་གྲུ་ཆེན་པོ་དེར་། མིག་སྔར་དམག་འཐབ་བྱེད་ཐུབ་པའི་ནུས་པ་ལྡན་མེད་པ་མ་ཟད། ལིའུ་ཉིང་རྟགས་ཅན་གྱི་དམག་གྲུ་ཆེན་པོ་དེར་ཨ་རིར་ཁ་གཏད་གཅོག་ཐུབ་པའི་ནུས་པ་ལྡན་མེད་པ་དང་། གལ་ཏེ་རྒྱ་ནག་གི་དམག་གྲུ་དེ་ཉེ་གནས་ཁྱིམ་མཚེས་རྒྱལ་ཁབ་ཚོར་དམིགས་པ་ཞིག་ཡིན་ཚེ། དེ་ནི་རྒྱ་ནག་གི་བཙན་པོ་དབང་ཡོད་ཀྱི་འཇིག་སྐུལ་པའི་མཚོན་རྟགས་ཤིག་རང་ཆགས་རྒྱུ་ལས་། དེ་མིན་དེས་མཚོ་ཐོག་ཏུ་ནུས་པ་ཆེན་པོ་ཞིག་འདོན་སྤེལ་བྱེད་དཀའ་བའི་རྒྱ་ནག་གི་རྒྱུ་ནོར་འཕྲོག་བརླག་བཏང་བའི་བྱེད་སྟངས་ཤིག་རང་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎