བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་འདུག


2018.04.05
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་བཞུགས་སྒར་དུ། ༢༠༡༨།༣།༣༡ བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་བཞུགས་སྒར་དུ། ༢༠༡༨།༣།༣༡
དྲ་བཤུས།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཆིབས་བསྒྱུར་གནང་རྗེས་ཕྱིར་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་འདུག
དེ་ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཕེབས་ནས་ཉིན་ཤས་བཞུགས་ཞག་གནང་རྗེས་སུ། སྤྱི་ཟླ་༤པའི་ཚེས་༥ཉིན་གྱི་སྔ་དྲོ་མཁའ་ལམ་བརྒྱུད་བཞུགས་སྒར་གྱི་ཉེ་འཁྲིས་(Gaggal) གནམ་ཐང་དུ་ཕེབས་འབྱོར་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམ་བསྟན་འཕེལ་མཆོག་སོགས་ནས་ཕེབས་བསུ་ཞུས་ཡོད་པ་དང་། དེ་བཞིན་རྒྱ་གར་གྱི་ཉེན་རྟོག་པ་དང་བདེ་སྲུང་གིས་སྲུང་བྱ་ཧ་ཅང་དམ་པོ་དང་བཅས་ཏེ་གནམ་ཐང་ནས་ཕེབས་འཁོར་ལ་ཞུགས་ལ་ཉེ་བའི་སྐབས་སུ་ཇར་མན་གྱི་ཡུན་རིང་བོད་དོན་རྒྱབ་སྐྱོར་ཞུ་མཁན་སྐུ་ཞབས་(Bob Kan Gadi)ལ་མཇལ་ཁ་གནང་སྟེ་ཁོང་གིས་ཡུན་རིང་བོད་དོན་རྒྱབ་སྐྱོར་གནང་བར་ཐུགས་དགྱེས་ཚོར་ཆེན་པོ་གནང་ཡོད་པ་རེད་འདུག
དེ་ནས་དམིགས་བསལ་མཇལ་ཁ་དེའི་ཐོག་(Bob Kan)ཁོང་གིས་ད་རེས་ཕྱིར་ལོག་སྐབས་སུ་༧གོང་ས་མཆོག་དང་མཇལ་ཁ་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ལུགས་འགྲེལ་བརྗོད་གནང་འདུག
༧གོང་ས་མཆོག་གནམ་ཐང་ནས་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་སྐབས་བོད་མི་དང་ས་གནས་རྒྱ་གར་གྱི་ཡུལ་མི་དང་རྒྱ་གར་བ་དང་། ཕྱི་རྒྱལ་གྱི་ཡུལ་སྐོར་བ་སོགས་ནས་ཕེབས་བསུ་དང་ལམ་ཟུར་ལ་བསྡད་ནས་མཇལ་ཁ་ཞུས་ཡོད་པ་རེད།
སྤྱི་ཚེས་༦ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ད་ལྟ་བཞུགས་སྒར་དུ་གཟིགས་སྐོར་གནང་བཞིན་པ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ལ་མཇལ་ཁ་གནང་འཆར་ཡོད་འདུག

གསར་འགོད་པ་བློ་བྷེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎