དོན་གྲུབ་དབང་ཆེན་གྱི་ནང་མིས་ལྩམ་ཧི་ལི་རི་ལ་འབོད་སྐུལ།།

འཇིགས་བྲལ་གློག་བརྙན་བཟོ་མཁན་དོན་གྲུབ་དབང་ཆེན་གྱི་ནང་མིས་ཁོང་གློད་འགྲོལ་ཡོང་ཆེད་དུ་ལྕམ་ཧི་ལི་རི་ལ་འབོད་སྐུལ་ཞུས་ཡོད་པ།

2010.05.22

༄༎བོད་ཀྱི་འཇིགས་བྲལ་གློག་བརྙན་བཟོ་མཁན་དོན་གྲུབ་དབང་ཆེན་ལགས་ཀྱི་ནང་མིས། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་རྒྱ་ནག་དུ་ཕེབས་སྐབས་ཁོང་གློད་འགྲོལ་ཡོང་བའི་ཆེད་དུ་རོགས་སྐྱོར་འབོད་བསྐུལ་ཞུས་ཡོད་པའི་གནས་ཚུལ་ཐོན་འདུག ད་ལྟ་རྒྱ་ནག་དུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་ཡོད་པའི་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ ཧི་ལ་རི་ ཀིལ་ཌོན་མཆོག་རྒྱ་ནག་ཏུ་ཕེབས་ཐོན་མ་གནང་གོང་ནས་དོན་གྲུབ་དབང་ཆེན་ལགས་ཀྱི་ནང་མི་སྤུན་མཆེད་རྣམས་ཀྱིས། ཁོང་གློད་འགྲོལ་ཡོང་བའི་ཆེད་དུ་རྒྱ་ནག་གི་དཔོན་རིགས་རྣམས་དང་ལྷན་དུ་གླེང་སློང་གནང་དགོས་པའི་་འབོད་བསྐུལ་ཞུས་འདུག

ལྷག་དོན་དུ་དོན་གྲུབ་དབང་ཆེན་ལགས་ཀྱི་སྐུ་ཟླ་ལྷ་མོ་མཚོ་ལགས་ཀྱིས་གསུངས་དོན་ལྟར་ན། རྒྱ་རིགས་ཁྲིམས་རྩོད་པས་ལོ་ངོ་དྲུག་གི་བཙོན་འཇུག་ཁྲིམས་བཅད་ལ་ཞུ་གཏུགས་བྱས་ཡོད་ཀྱང་། རྒྱ་ནག་གིས་ཉན་འཇོག་མ་བྱས་པ་མ་ཟད། འདི་ལོ་ཕྱི་ཟླ་བཞི་པའི་ཚེས་༦ཉིན་ཟི་ལིང་གི་བཀག་ཉར་ཁང་ནས། ཟི་ཁྲོན་བཙོན་ཁང་ཞེས་པའི་ངལ་རྩོལ་བསྒྱུར་བཀོད་ར་བ་ཞིག་ཏུ་བསྐྱེལ་ཡོད་པ་རེད་འདུག

དོན་གྲུབ་དབང་ཆེན་ལགས་ཀྱི་སྐུ་གཟུགས་ཀྱི་འཕྲོད་བསྟེན་ཡག་པོ་མེད་བཞིན་དུ་ཁོང་ལ་ངལ་རྩོལ་ཤུགས་ཆེ་བསྐུལ་བ་ཡིན་ན། ཁོང་གི་སྙུང་གཞི་ཇེ་སྡུག་ཏུ་འགྲོ་སྲིད་པའི་ཉེན་ཁ་ཡོད་པར་བརྟེན། ཁོང་གི་སྤུན་མཆེད་རྒྱལ་གྱོང་ཚུལ་ཁྲིམས་ལགས་ཐུགས་ཁྲལ་ཆེན་པོ་གནང་བཞིན་ཡོད་པ་རེད། དོན་གྲུབ་དབང་ཆེན་བོད་ཀྱི་འཇིགས་བྲལ་ཞུས་པའི་དངོས་བྱུང་ལོ་རྒྱུས་བཟོས་པའི་ཉེས་འཛུགས་ཐོག་ཕྱི་ལོ་༢༠༠༨་ཕྱི་ཟླ་གསུམ་པའི་ཚེས་ ༢༦ ཉིན་ཟི་ལིང་གྲོང་ཁྱེར་ནང་དུ་འཛིན་བཟུང་བྱས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎