རྡོ་རྗེ་བཀྲིས་ཀྱིས་བཙོན་ཁང་དུ་སྒྲིག་འགལ་བྱས་ཚུལ་ལ་བསྙད་དེ་ཁོང་གི་ནང་མི་དང་ཐུག་འཕྲད་བྱེད་བཅུག་མི་འདུག

2025.05.01
རྡོ་རྗེ་བཀྲིས་ཀྱིས་བཙོན་ཁང་དུ་སྒྲིག་འགལ་བྱས་ཚུལ་ལ་བསྙད་དེ་ཁོང་གི་ནང་མི་དང་ཐུག་འཕྲད་བྱེད་བཅུག་མི་འདུག རྡོ་རྗེ་ཚེ་བརྟན་གྱིས་གསལ་བཤད་བྱེད་བཞིན་པ། ༢༠༢༥།༤།༡༩
screengrab

བོད་ཀྱི་ཆབ་སྲིད་བཙོན་པ་རྡོ་རྗེ་བཀྲ་ཤིས་ལགས་སུ་ཐུག་འཕྲད་ཡོང་ཐབས་སུ། ཁོང་གི་གཅེན་མོ་མགོན་པོ་སྐྱིད་ལགས་དང་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་གཉིས་ནས་ཁྲིམས་རྩོད་པ་བརྒྱུད་ཁྲིམས་སྒྲིག་གི་བྱ་རིམ་ཆ་ཚང་བསྒྲུབས་ཏེ། འདི་ལོའི་ཕྱི་ཟླ་ ༤ ནང་རྡོ་རྗེ་ཚེ་བརྟན་དང་ནང་མི་ཁག་ཅིག་ཁྲིམས་རྩོད་པ་དང་ལྷན་དུ་བཙོན་ཁང་དུ་བསྐྱོད་སྐབས། གྲྭ་བཞི་བཙོན་ཁང་དོ་དམ་ཁང་གི་འབྲེལ་ཡོད་མི་སྣས། རྡོ་རྗེ་བཀྲ་ཤིས་ཀྱིས་བཙོན་ཁང་ནང་ནས་སྒྲིག་འགལ་གྱི་བྱ་སྤྱོད་སྤེལ་ཡོད་པས་ཁྲིམས་རྩོད་པ་དང་ནང་མིར་ཐུག་ཆོག་གི་མེད་པའི་ཉེས་ཆད་བཏང་སྐོར་བརྗོད་ནས། རྡོ་རྗེ་བཀྲ་ཤིས་དང་ཐུག་འཕྲད་བྱེད་དུ་བཅུག་མི་འདུག

དེ་ཡང་རྡོ་རྗེ་བཀྲིས་ཀྱི་གཅེན་པོ་རྡོ་རྗེ་ཚེ་བརྟན་གྱིས་ཟླ་བ་ ༤ ཚེས་ ༡༩ ཉིན་སྤེལ་བའི་བརྙན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལག་སོན་བྱུང་བའི་ནང་། རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། ང་ཚོས་ཁྲིམས་ལུགས་ལྟར་རྡོ་རྗེ་བཀྲ་ཤིས་ལ་ཐུག་ཆོག་པའི་ཆོག་མཆན་ཞུས་ཡོད་ཀྱང་། བཙོན་ཁང་གི་ངོས་ནས་རྡོ་རྗེ་བཀྲ་ཤིས་ཀྱིས་སྒྲིག་འགལ་བྱས་ཚུལ་བརྗོད་ནས་ཐུག་གི་མ་བཅུག་པ་ནི་ཁ་གཡར་ས་ཡིན་པ་མ་ཟད། ཁྲིམས་འགལ་ཡང་ཡིན། ཞེས་དང་། དེ་བཞིན་ཁོང་གིས་གྲྭ་བཞི་བཙོན་ཁང་གི་དོ་དམ་པ་ཚོས་དེ་སྔོན་ནས་རྒྱུ་མཚན་འདྲ་མིན་དྲངས་ཏེ་རྡོ་རྗེ་བཀྲ་ཤིས་དང་ཐུག་བཅུག་མེད་སྐོར་གསལ་བཤད་གནང་འདུག

གཞི་རྩའི་རྒྱ་ནག་གཞུང་གིས་རྡོ་རྗེ་བཀྲ་ཤིས་ལགས་སུ་ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་བོད་མི་ཞི་རྒོལ་བ་ཚོར་རྒྱབ་སྐྱོར་བྱས་ལུགས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མ་དངུལ་གྱི་ཞལ་འདེབས་སྤྲད་ལུགས་བརྗོད་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་དེ་ལོ་ངོ་ ༡༦ ལྷག་འགྲོ་བཞིན་ཡོད་པ་དང་། ཁོང་གི་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་དང་གཅེན་མོ་མགོན་པོ་སྐྱིད་དང་། དེ་བཞིན་གཅེན་མོའི་བཟའ་ཟླ་ཆོས་སྐྱོང་ལགས་གསུམ་གྱིས་རྡོ་རྗེ་བཀྲིས་གློད་བཀྲོལ་ཡོང་ཐབས་སུ་ཞུ་གཏུག་ལས་འགུལ་སྤེལ་ཡོད་ལ། རྒྱ་ནག་གཞུང་གིས་རྡོ་རྗེ་ཚེ་བརྟན་ཡང་འཛིན་བཟུང་གིས་མི་ལོ་ ༦ བཙོན་འཇུག་ཁྲིམས་ཐག་བཅད་མྱོང་བ་དང་། མགོན་པོ་སྐྱིད་ཀྱང་སྔ་རྗེས་སུ་ཐེངས་ ༧ ལ་འཛིན་བཟུང་བཀག་ཉར་དང་འདྲི་རྩད་གཅར་བརྡུང་བཏང་ཡོད་པ་རེད། །

གསར་འགོད་པ། བསྟན་འཛིན་བསྟན་སྐྱོང་། 

རྩོམ་སྒྲིག་པ། བསྟན་འཛིན་པདྨ། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎