ཁམས་སྐྱེ་རྒུ་མདོའི་ནང་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ།
2010.04.22
༄༅༎སྐྱེ་རྒུ་མདོའི་ནང་ས་ཡོམ་གྱི་གོད་ཆག་ཕོག་ཡུལ་དུ་གནམ་གཤིས་འགྱུར་ལྡོག་འགྲོ་བཞིན་པ་དེས་རོགས་སྐྱོར་བྱེད་མཁན་ཚོར་དཀའ་ངལ་འཕྲད་བཞིན་ཡོད་འདུག
བོད་ཀྱི་མདོ་ཁམས་སྐྱེ་རྒུ་མདོའི་ནང་ཉེ་ཆར་ས་ཡོམ་གྱི་གོད་ཆག་ཕོག་པའི་རྗེས་རྒྱ་ནག་གཞུང་དང་། ཕྱོགས་མཐའ་ནས་བོད་མི་སྤྱི་སྒེར་མང་པོ་ཞིག་མྱུར་སྐྱོབ་དང་། རོགས་སྐྱོར་ཆེད་ས་གནས་སུ་ལས་དོན་སྤེལ་བཞིན་ཡོད་ཀྱང་ཉིན་ལྟར་གནམ་གཤིས་འགྱུར་ལྡོག་ཕྱིན་པ་དང་། ལྷག་པར་དུ་ཉིན་ཤས་ནས་བཟུང་གངས་ཆེནཔོ་རྒྱབ་པ་དང་། རླུང་དྲག་པོ་རྒྱབ་པ་སོགས་ཀྱིས་ས་གནས་ཡུལ་མི་ཚོ་དང་། རོགས་སྐྱོར་བྱེད་མཁན་ཚོར་དཀའ་ངལ་འཕར་མ་ཞིག་འཕྲད་ཀྱི་ཡོད་འདུག།
དེ་དང་ཕྱོགས་མཚུངས་གངས་དང་འཁྱག་པ་རྒྱབ་པ་སོགས་ཀྱིས་ཕྱི་ཕྱོགས་ནས་རོགས་རམ་བྱེད་པར་ཡོང་མཁན་ཚོར་ཡང་འགྲུལ་ཞུད་བྱེད་རྒྱུར་ཡང་འགོག་རྐྱེན་འཕྲད་བཞིན་ཡོད་པ་མ་ཟད་གནམ་གཤིས་སྔོན་བརྡ་བྱས་པར་ལྟར་ན། ད་དུང་མུ་མཐུད་ནས་གངས་རྒྱབ་རྒྱུའི་ཉེན་ཁ་ཡོད་འདུག