རྒྱལ་སྤྱིའི་ནང་གོ་མཚོན་ནང་འདྲེན་བྱེད་མཁན་ཨང་དང་པོ།

རྒྱལ་སྤྱིའི་ནང་གོ་མཚོན་ནང་འདྲེན་བྱེད་མཁན་ཨང་དང་པོ་དེ་རྒྱ་གར་ཡིན་པའི་དཔྱད་ཞིབ་བྱེད་ཡོད་འདུག

2011.03.14

༄༅༎སུད་དྲན་ནང་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་གོ་མཚོན་རྟོག་ཞིབ་ལས་ཁུངས་ནས་དཔྱད་ཞིབ་བྱས་པར་ལྟར་ན། རྒྱ་གར་རྒྱལ་ཁབ་ངོས་ནས་དམག་དོན་གྱི་གོ་མཚོན་དེང་དུས་ཅན་བཟོ་ཐབས་སུ་དམིགས་ནས་གོ་མཚོན་ནང་འདྲེན་བྱེད་རྒྱུ་ཤུགས་ཆེ་རུ་བཏང་ནས་ད་ཆ་རྒྱ་ནག་ལས་ནང་འདྲེན་མང་བ་བྱེད་ཀྱི་ཡོད་རེད་ཅེས་བཀོད་པ་དང་ཆབས་ཅིག་ཕྱི་ལོ་༢༠༠༦ནས་ཕྱི་ལོ་༢༠༡༠བར་རྒྱལ་སྤྱིའི་གོ་མཚོན་ནང་འདྲེན་བྱེད་པའི་བརྒྱ་ཆ་དགུ་ཙམ་རྒྱ་གར་ཆགས་ཀྱི་ཡོད་ལུགས་འགྲེལ་བརྗོད་བྱེད་ཡོད་འདུག

ཡང་གོང་ཞུས་དཔྱད་ཞིབ་པ་ཚོས་མུ་མཐུད་བཀོད་པར་ལྟར་ན། ཁྱིམ་མཚེས་རྒྱ་ནག་དཔལ་འབྱོར་གྱི་སྟོབས་ཤུགས་ཆེན་པོ་ཆགས་ཀྱི་ཡོད་པ་དེས་རང་བཞིན་གྱི་རྒྱ་གར་གྱི་ས་མཚམས་དང་། མཚོ་ཁའི་ཐོག་ལའང་ཉེན་སྲུང་བྱེད་དགོས་དུས་དེང་དུས་འཕྲུལ་རིགས་ཡར་རྒྱས་དང་བསྟུན་ནས་དམག་དོན་གྱི་གོ་མཚོན་ཡང་རྒྱ་སྐྱེད་དང་ཡར་རྒྱས་གཏོང་དགོས་པ་ཞིག་གྱུར་ཡོད་རེད་ལ་ཕྱོགས་གཞན་ནས་རྒྱ་གར་རང་ཉིད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཚོགས་ཀྱི་གཏན་འཇགས་ཚོགས་མིའི་ཁོངས་སུ་ཚུད་ཐབས་སུ་དམག་དོན་གྱི་ནུས་ཤུགས་ཆེན་པོ་བཟོ་དགོས་རྒྱུའང་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད་རེད་ཅེས་འགྲེལ་བརྗོད་བྱེད་ཡོད་པ་རེད། ལོ་འདིའི་རྒྱ་གར་གཞུང་གི་བདེ་སྲུང་ལས་དོན་ཆེད་སྔོན་རྩིས་འགྲོ་གྲོན་གཏོང་དམིགས་སུ་ཨ་རིའི་དྲོ་ལར་ཐེར་འབུམ་༣༢ལྷག་ཙམ་བཞག་ཡོད་པ་ནི་འདས་པའི་ལོ་གཉིས་ཙམ་གོང་ནས་བརྩིས་ན་བརྒྱ་ཆ་བཞི་བཅུ་ཙམ་འཕར་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎