གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ཁོར་ཡུག་ལ་བདག་གཅེས་གནང་གལ་ཆེ་བ་བཀའ་གནང་འདུག

2022.08.03
གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ཁོར་ཡུག་ལ་བདག་གཅེས་གནང་གལ་ཆེ་བ་བཀའ་གནང་འདུག གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་(Mon TawangVigilance)་འཕྲིན་ལམ་གྱིས་བཅར་འདྲིའི་སྐབས། ༠༨།༠༢།༢༠༢༢
དྲ་བཤུས། /Mon Tawang Vigilance

དེ་ཡང་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དེང་སྐབས་རྒྱ་གར་ཨ་རུ་ན་ཅཱལ་མངའ་སྡེའི་ནང་དད་ལྡན་མང་ཚོགས་ལ་ཆོས་འབྲེལ་གནང་བཞིན་ཡོད་པ་ལྟར། འདི་ཚེས་༢ཉིན་(Mon TawangVigilance)་ཞེས་པའི་ས་གནས་ཀྱི་བརྙན་འཕྲིན་བརྒྱུད་ལམ་ནས་རིན་པོ་ཆེ་མཆོག་ལ་བཅར་འདྲི་ཞུས་ཡོད་པ་དང་། རིན་པོ་ཆེ་མཆོག་ཨ་རུ་ན་ཅཱལ་མངའ་ཁུལ་དུ་ད་བར་ཐེངས་གསུམ་ཙམ་ཆིབས་བསྒྱུར་གནང་ཡོད་ཀྱང་རླུང་ལ་ཁུལ་དུ་ཕེབས་མེད་སྟབས་མང་ཚོགས་ལ་བཀའ་སློབ་གནང་རོགས་ཞུས་པར། རིན་པོ་ཆེ་མཆོག་གིས། མ་འོངས་པར་ས་གནས་རླུང་ལ་དང་གཞན་ཡང་ད་བར་མ་ཕེབས་པའི་ས་གནས་གཞན་ཁག་ལའང་ཕེབས་རྒྱུའི་ཐུགས་རེ་གནང་གི་ཡོད་ཅེས་གསུངས་པ་དང་ཆབས་ཅིག མོན་པའི་མི་མང་སྤྱི་ཡོངས་སངས་རྒྱས་པའི་ཆོས་ལ་དད་པ་ཆེན་པོ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་པ་ཆེན་པོ་ཡོད་མཁན་ཆགས་བསྡད་ཡོད་དུས། སངས་རྒྱས་པའི་ཆོས་ལ་སློབ་སྦྱོང་དང་། སངས་རྒྱས་པའི་ཆོས་ཀྱི་བསླབ་བྱ་གཙོ་བོ་གཞན་ལ་གནོད་འཚེ་སྤངས་རྒྱུ་བཅས་གལ་ཆེན་ཡིན་པ་གསུངས་བ་དང་། དེ་བཞིན་སྤྱིར་གོ་ལའི་ཁོར་ཡུག་ལ་བདག་གཅེས་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་ལྟར། ཨ་རུ་ན་ཅཱལ་མངའ་སྡེའི་མི་མང་དང་རླུང་ལའི་མང་ཚོགས་ཚོས་དེ་བཞིན་ས་གནས་ཀྱི་ཁོར་ཡུག་ལ་བདག་གཅེས་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་བཀའ་གནང་འདུག
གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཨ་རུ་ན་ཅཱལ་མངའ་སྡེའི་ནང་དེ་སྔ་ཡང་ཆིབས་བསྒྱུར་གནང་མྱོང་ཡོད་པ་མ་ཟད། དད་ལྡན་མང་ཚོགས་ནས་དད་གུས་ཆེན་པོ་ཞུ་བཞིན་ཡོད་པ་རེད།

གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎