ཐའེ་ལྦན་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ལས་འགུལ་སྐོར།

ཐའེ་ལྦན་གྱི་རྒྱལ་ས་ཐཡེ་པེ་ནང་ཁྲག་དྲི་བྲོ་བའི་ཨོ་ལིམ་པིག་གི་རྩེད་འགྲན་མཇུག་བསྡོམས་ཀྱི་མཛད་སྒོ་ཞེས་པའི་ལས་འགུལ་གོ་སྒྲིག་གནང་འདུག

2008.08.25

༄༅༎ཐའེ་ལྦན་གྱི་ཉིན་རེའི་གསར་ཤོག་ ཐཡེ་པེའི་དུས་བབ་ཞེས་པའི་ནང་སྤེལ་བའི་གནས་ཚུལ་ལྟར་ན་ ཁ་ས་གཟའ་ཉི་མའི་ཉིན་ རྒྱ་ནག་གི་རྒྱལ་སའི་ནང་ཨོ་ལིམ་པིག་གི་རྩེད་འགྲན་མཇུག་སྒྲིལ་བའི་མཛད་སྒོ་མ་ཚུགས་སྔོན་ལ་ ཐའེ་ལྦན་གྱི་རྒྱལ་ས་ཐཡེ་པེ་ནང་ཁྲག་དྲི་བྲོ་བའི་ཨོ་ལིམ་པིག་གི་རྩེད་འགྲན་མཇུག་བསྡོམས་ཀྱི་མཛད་སྒོ་ཞེས་པ་གཞུང་འབྲེལ་མ་ཡིན་པའི་ཐའེ་ལྦན་གྱི་བོད་ཀྱི་གྲོགས་པོ་ཞེས་པ་དང་ ཐའེ་ལྦན་གྱི་འགྲོ་བ་མིའི་ཐོབ་ཐང་མཐུན་ཚོགས་ཞེས་པ་དང་ ཐའེ་ལྦན་གྱི་འབར་མའི་རང་དབང་མཐུན་ཚོགས་ཞེས་པ་བཅས་ཀྱིས་གོ་སྒྲིག་ཞུས་ཡོད་པ་རེད་ མཛད་སྒོ་དེའི་ཐོག་ཐའེ་ལྦན་གྱི་གོ་མིང་ཏང་ཚོགས་པའི་འགོ་ཁྲིད་ མ་ཡིང་ཇུ་དང་ རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིན་ཐའོ་ ཨ་མི་རི་ཀའི་བཟའ་ཁང་ཚོང་ཚོགས་ མེ་ཀ་ཌོ་ནལ་གྱི་བདག་པོ་བཅས་པས་འགྲོ་བ་མིའི་ཐོབ་ཐང་ཐོག་བརྩི་མེད་རྡོག་རོལ་བཏང་བ་དང་ མི་མང་ཐོག་དྲག་རྩུབ་ཆེ་བའི་སྲིད་དབང་རྒྱུན་འཛིན་བྱས་དང་བྱེད་བཞིན་པར་རྒྱབ་སྐྱོར་བྱས་པའི་ལེགས་སྐྱེས་མཚོན་དོན་དུ་ འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཅན་ཚོས་ འགོ་ཁྲིད་དེ་ཚོ་ཡིན་ཚུལ་གདོང་འབག་གྱོན་པའི་དོན་གཉེར་ཅན་ཚོར་ གསེར་གྱི་རྟགས་མ་རེ་རེ་དང་ ལག་འཁྱེར་རེ་རེ་སྤྲད་ཡོད་པ་རེད་ དེ་དག་གི་ཁོངས་ནས་ ཨོ་ལིམ་པིག་གི་རྩེད་འགྲན་སྐབས་ རྒྱ་ནག་གི་ངོས་ནས་ ཕྱི་གསལ་ནང་གསལ་ཅན་དང་ འགྲོ་བ་མིའི་ཐོབ་ཐང་བཟང་དུ་གཏོང་གི་རེད་སྙམ་པའི་རེ་བ་བྱས་ཀྱང་ དངོས་ཡོད་ཀྱི་གནས་ཚུལ་ནི་ཤིན་ཏུ་བློ་ཕམ་འོས་པ་ཆགས་ཡོག་རེད་ལ་ རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བཟང་དུ་གཏོང་རྒྱུ་ཕར་བཞག་ འབར་མ་དང་སུའུ་ཌའན་ དེ་བཞིན་ཨཕ་རི་ཀའི་རྒྱལ་ཁབ་ཛིམ་སྦ་བེ་ལྦེ་སོགས་སྲིད་དབང་གཅིག་སྡུད་རིང་ལུགས་རྒྱུན་འཛིན་བྱེད་མཁན་གྱི་སྲིད་གཞུང་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་གཏོང་རྒྱུ་དངོས་ཟོག་ནང་བཞིན་ ཕྱིར་འཚོང་རྒྱབ་ཡོད་པར་བརྟེན་ དེའི་ལེགས་སྐྱེས་སུ་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིན་ཐའོས་ རང་གི་མི་ཚེ་ཧྲིལ་པོ་འགྲོ་བ་མིའི་ཐོབ་ཐང་ཐོག་བརྩི་མེད་རྡོག་རོལ་གཏོང་རྒྱུར་བྱས་རྗེས་བཞག་པར་གསེར་གྱི་རྟགས་མ་ཕུལ་གྱི་ཡོད་ཅེས་ཐའེ་ལྦན་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གཞོན་པ་ དབྱང་ཀྲང་ཁྲེན་ གྱིས་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎