རྒྱ་གར་སྲིད་བློན་གྱིས་དགའ་ལྡན་ཐེག་ཆེན་དགོན་པར་གནས་གཟིགས།


2015.05.18
རྒྱ་གར་གྱི་སྲིད་བློན་Modམཆོག་གིས་སོག་པོར་གཟིགས་སྐོར་སྐབས། ༢༠༡༥།༥།༡༧ རྒྱ་གར་གྱི་སྲིད་བློན་Modiམཆོག་གིས་སོག་པོར་གཟིགས་སྐོར་སྐབས། ༢༠༡༥།༥།༡༧
modi fb

རྒྱ་གར་གྱི་སྲིད་བློན་Modiམཆོག་གིས་སོག་པོའི་རྒྱལ་སའི་དགའ་ལྡན་དགོན་པའི་ནང་གནས་མཇལ་དང་གྲོས་ཚོགས་ལ་གཏམ་བཤད་གནང་།
དེ་ཡང་རྒྱ་གར་གྱི་སྲིད་བློན་Narendra Modiམཆོག་གིས་རྒྱ་ནག་ནང་གི་འཚམས་གཟིགས་ཁག་ལེགས་གྲུབ་ཟིན་པའི་རྗེས་སུ་ཁ་ས་གཟའ་ཉི་མའི་ཉིན་སོག་པོའི་རྒྱལ་ས་ཨུ་ལན་བྷ་ཀྲོར་ནང་ཕེབས་སྐབས་དགའ་བསུ་ཟབ་རྒྱས་ཞུས་ཡོད་པ་དང་། ཁ་ས་སྔ་དྲོ་ཁོང་གིས་སོག་པོའི་རྒྱལ་ས་Ulan Bator་ཡོད་པའི་དགའ་ལྡན་ཐེག་ཆེན་དགོན་པར་གནས་གཟིགས་ལ་ཕེབས་པ་དང་། དགོན་པའི་མཁན་པོ་Hamba་བླ་མ་མཆོག་ལ་བྱང་ཆུབ་ལྗོན་ཤིང་གི་མྱུ་གུ་ཞིག་ཕུལ་འདུག
དགའ་ལྡན་ཐེག་ཆེན་དགོན་པ་དེ་ནི་སོག་པོའི་ནང་གི་ནང་པའི་དགོན་པ་ཆེ་ཤོས་ཤིག་དང་། ལོ་རྒྱུས་ཐོག་ནས་གནད་འགག་ཆེ་བའི་དགོན་པ་ཞིག་ཡིན་ཞིང་། དགོན་པ་དེ་ནི་དུས་རབས་༡༩པའི་དཀྱིལ་ཙམ་ལ་བཞེངས་པ་དང་། དེ་སྔ་དམར་པོའི་གཞུང་འཛིན་སྐབས་སུ་ཡང་གནོད་སྐྱོན་མ་ཕོག་པར་གནས་པ་ཞིག་ཡིན་འདུག སྲིད་བློན་མོ་དྷི་མཆོག་གིས་སོག་པོའི་གྲོས་ཚོགས་ལ་གཏམ་བཤད་གནང་སྐབས་ཡུལ་གྲུ་གཉིས་དབར་ཆོས་དང་རིག་གཞུང་སོགས་ཐད་གནའ་རབས་ནས་འབྲེལ་བ་ཡོད་པ་དང་། ད་དུང་ཡང་འབྲེལ་ལམ་ཇེ་བཟང་དུ་འགྲོ་རྒྱུ་ཡིན་སྐོར་གསུངས་འདུག་ལ་ཡང་ཁོང་གིས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་རྣམས་མང་གཙོའི་ལམ་ལུགས་ཀྱི་རྩ་དོན་ཁག་གིས་མཚོན་པར་བྱེད་ཀྱི་ཡོད་སྐོར་དང་། སེམས་ཀྱི་རང་དབང་དང་བསམ་བློའི་རང་དབང་། རང་དབང་ཐོག་ནས་ལས་དོན་སྤེལ་རྒྱུ། སྨྲ་བརྗོད་རང་དབང་ཁག་གི་གཞི་རྟེན་ནི་དྲང་བདེན་དང་དགེ་བའི་ལས་ལ་བཞུགས་དགོས་པ་སྟོན་པ་བཅོམ་ལྡན་འདས་ཀྱིས་ལམ་སྟོན་གནང་བ་དེ་དག་ཡིན་པ་དང་། དེ་དག་ནི་མང་གཙོའི་ལམ་ལུགས་ཀྱི་རྨང་གཞི་ཡིན་སྐོར་སོགས་བཀའ་གནང་ཡོད་པའི་གནས་ཚུལ་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎