མའོའི་དམག་མི་བལ་ཡུལ་དཔུང་དམག་ནང་ཟླ་སྒྲིལ་ལ་དཀའ་ངལ།

བལ་ཡུལ་གྱི་མའོའི་དམར་ཤོག་ཚོགས་པའི་དྲག་སྤྱོད་པ་རྣམས་བལ་ཡུལ་གཞུང་གི་དམག་མིའི་ཁོངས་སུ་ཟླ་བསྒྲིལ་གཏོང་ཕྱོགས་སྐོར།

2010.05.19

༄༅༎བལ་ཡུལ་གྱི་མའོའི་དམར་ཤོག་ཚོགས་པའི་དྲག་སྤྱོད་པ་རྣམས་བལ་གཞུང་གི་དམག་མིའི་ཁོངས་སུ་ཟླ་བསྒྲིལ་གཏོང་ཕྱོགས་ཐད་མའོའི་དམར་ཤོག་ཚོགས་པའི་དྲག་དཔུང་གི་གྲངས་འབོར་ངོ་མ་ཇི་ཡིན་གཏན་འཁེལ་དགོས་གལ་ཆེ་བའི་སྐོར་བལ་ཡུལ་གྱི་སྲིད་བློན་མ་རྡལྦ་ཀུ་མར་ནེ་པལ་གྱིས་གསུངས་གནང་འདུག

དེ་ནི་ཁྱད་ཆོས་ཚང་བའི་དྲག་དཔུང་གི་བསྡོམས་འབོར་ཇི་ཡོད་ཀྱི་གནད་དོན་མིན་ཞིང་། དྲག་དཔུང་སྡེ་ཚོགས་མང་པོ་ཡོད་པས་ཚང་མས་དགོས་འདུན་བཏོན་པ་ལྟར་དེ་དག་ཚང་མ་གཞུང་དམག་ཁོངས་སུ་ཟླ་སྒྲིལ་གཏོང་ཐབས་མེད་པ་རེད་ཅེས་སྲིད་བློན་མཆོག་གིས་མུ་མཐུད་གསུངས་གནང་འདུག ཅི་སྟེ་མའོའི་དམར་ཤོག་ཚོགས་པའི་དགོས་འདུན་བཏོན་པ་ལྟར་མའོའི་དམར་ཤོག་ཚོགས་པའི་དྲག་དཔུང་ཡོངས་རྫོགས་བལ་ཡུལ་གཞུང་དམག་ཁོངས་སུ་ཟླ་བསྒྲིལ་བཏང་བའི་དབང་དུ་བཏང་ན། ད་ལྟའི་དཀའ་རྙོག་འདི་སེལ་བའི་རྣམ་པ་ཐོན་ངེས་ཀྱང་གཞུང་དམག་གི་སྒྲིག་འཛུགས་ནང་དཀའ་རྙོག་གསར་པ་ཞིག་འགོ་འཛུགས་ཡོང་ངེས་ཡིན་པའི་འགྲེལ་བརྗོད་གནང་འདུག

ཡང་བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཁག་གིས་མའོའི་དམར་ཤོག་ཚོགས་པའི་དྲག་དཔུང་རྣམས་གཞུང་དམག་ཁོངས་སུ་ཟླ་བསྒྲིལ་གཏོང་ཕྱོགས་ཐད་སྤྱི་མོས་མེད་པའི་དཀའ་རྙོག་ནི།    བལ་ཡུལ་གྱི་ད་ཡོད་སྲིད་དོན་དཀའ་རྙོག་སེལ་རྒྱུར་འགོག་རྐྱེན་གཙོ་བོ་ཡིན་པར་སྲིད་བློན་གྱིས་འགྲེལ་བརྗོད་གནང་འདུག    འོན་ཀྱང་ད་ཡོད་ཀྱི་རྩ་ཁྲིམས་གསར་བཟོའི་གྲོས་ཚོགས་འཐུས་མིའི་ལས་ཡུན་ཟླ་བ་འདིའི་ཚེས་༢༩་ནས་རྫོགས་ཀྱི་ཡོད་སྟབས། སྲིད་དོན་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་རྒྱབ་སྐྱོར་གནང་སྟེ་ལས་ཡུན་ཕར་འགྱངས་གནང་ཐུབ་པའི་རེ་ཡོད་ལུགས་སོགས་སྲིད་བློན་གྱིས་མུ་མཐུད་འགྲེལ་བརྗོད་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎