ཨ་རིའི་དཀྱིལ་ཤར་ཡུལ་གྲུའི་སྐུ་ཚབ་དགོངས་ཞུས།

དཀྱིལ་ཤར་ཡུལ་གྲུའི་དཀའ་རྙོག་སེལ་ཐབས་སུ་བསྐོ་བཞག་གནང་བའི་སྐུ་ཚབ་ཇོཇ་མི་ཆེལ་རྩ་དགོངས་ཞུས་པར་བཀའ་འཁྲོལ་གནང་འདུག

2011.05.14

༄༅༎ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་ཡིས་དཀྱིལ་ཤར་ཡུལ་གྲུ་ཨི་སི་རེལ་དང་པེ་ལེསི་ཀྲའེན་གྱི་དཀའ་རྙོག་སེལ་ཐབས་སུ་བསྐོ་ཞག་གནང་བའི་སྐུ་ཚབ་ཇོཇ་མི་ཆེལ་རྩ་དགོངས་ཞུས་པར་བཀའ་འཁྲོལ་གནང་འདུག ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་དང་དཀྱིལ་ཤར་ཡུལ་གྲུའི་དཀའ་རྙོག་སེལ་ཐབས་སུ་བསྐོ་གཞག་གནང་བའི་སྐུ་ཚབ་ཇོཇ་མི་ཆེལ་གྱིས་དགོངས་ཤོག་སྙན་ཞུ་ཐུང་ངུ་ཞིག་ཕུལ་བའི་ནང་། སྐུ་ཉིད་ཀྱི་དཀྱིལ་ཤར་ཡུལ་གྲུའི་དཀའ་རྙོག་སེལ་རྒྱུའི་ལས་འཆར་ལ་མོས་མཐུན་ཡོད་མོད་ཀྱང་འདས་པའི་ལོ་འཁོར་གཉིས་རིང་ལས་དོན་ཞུ་རྒྱུ་བྱུང་བ་དགའ་སྒོམ་དང་བཅས་ད་ཆ་སྐུ་ཚབ་ལས་གནས་ནས་རྩ་དགོངས་ཞུ་རྒྱུ་ཡིན་ཞེས་གསུངས་གནང་འདུག   

འོན་ཀྱང་དཀྱིལ་ཤར་ཡུལ་གྲུ་སྤྱི་དང་། ལྷག་པར་དུ་ཨི་སི་རེལ་དང་པེ་ལེསི་ཀྲའེན་ནང་འགྱུར་འགྲོས་ཤིན་ཏུ་ཆེན་པོ་འགྲོ་བཞིན་པའི་སྐབས་ཡིན་པ་རེད།    ཉེ་ཆར་པེ་ལེསི་ཀྲའེན་གྱི་ནུབ་མཚོ་བརྒྱུད་ཀྱི་དབང་འཛིན་བྱེད་པོ་ཕཱ་ཏའ་དང་། ག་ཛ་ལུང་གཞུང་གི་དབང་འཛིན་བྱེད་པོ་ཧ་མ་སེ་གཉིས་དབར་མཐུན་འགྲིག་བྱུང་སྟེ་རིང་མིན་གཅིག་འགྱུར་གྱི་འོས་བསྡུ་ཆེན་མོ་བྱ་རྒྱུ་དང་། འོས་བསྡུའི་གྲུབ་འབྲས་ལ་ཕྱོགས་གཉིས་ཀས་མོས་མཐུན་བྱ་རྒྱུར་གྲོས་འཆམ་བྱུང་ཡོད་པ་རེད། འོན་ཀྱང་ཤོག་ཁག་གཉིས་ཀྱི་གཞི་རིམ་གྱི་ལངས་ཕྱོགས་ལ་འགྱུར་བ་ཕྱིན་ཅིང་།   ཧ་མ་སེ་ ཤོག་ཁག་གིས་ཨི་སི་རེལ་གྱི་བདག་དབང་ལ་ངོས་ལེན་བྱེད་ཀྱི་མེད་པ་མ་ཟད། ཚོགས་པ་དེ་ཨ་རི་གཞུང་གི་འཇིགས་སྐུལ་དྲག་སྤྱོད་པའི་ཐོ་གཞུང་ནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎