ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་དགོངས་རྫོགས་དུས་དྲན།


2014.01.28
བོད་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་དགོངས་རྫོགས་ཉིན་རྗེས་དྲན་བྱེད་བཞིན་པ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་དགོངས་རྫོགས་དུས་དྲན།
པར། བོད་འབྱོར།

དེ་ཡང་རྒྱ་ནག་གཞུང་གིས་ངོས་འཛིན་ཞུས་པའི་པཎ་ཆེན་རྒྱལ་མཚན་ནོིར་བུ་ཞུ་བ་ཞིག་བསྐོ་བཞག་བྱས་པའི་རྗེས། ༧གོང་ས་མཆོག་གིས་ངོས་འཛིན་གནང་བའི་པཎ་ཆེན་སྐུ་ཐོག་བཅུ་པའི་ཡང་སྲིད་༡༡པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྤྱི་ལོ་༡༩༩༥་ནང་ནས་བཟུང་གར་སོང་ཆ་མེད་དུ་གྱུར་ཡོད་པས་གློད་དཀྲོལ་གཏོང་དགོས་པའི་སྐོར་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་སླར་ཡང་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུས་ཡོད།
པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་ལོ་མང་གི་རིང་ག་སོང་ཆ་མེད་དུ་རྒྱུར་བའི་གནས་ཚུལ་དེ་ནི་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་དྲག་གནོན་སྲིད་བྱུས་གང་འདྲ་འཛིན་གྱི་ཡོད་མེད་མཚོན་གྱི་ཡོད་པ་དང་། རྒྱ་ནག་གཞུང་གི་རྩ་ཁྲིམས་ཀྱི་ནང་ཆབ་སྲིད་དང་། ཆོས་དད་རང་མོས། དེ་བཞིན་སྨྲ་བརྗོད་ཀྱི་རང་དབང་སོགས་ཡོད་ཟེར་བ་དེ་ཚོ་ལག་ལེན་འགེལ་ཐུབ་ཀྱི་མེད་པའི་རྟགས་མཚན་གསལ་པོ་ཞིག་ཀྱང་རེད་ཅེས་དང་། ཕྱི་ནང་དུ་གནས་པའི་བོད་མི་ཚོས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་ཁམས་བཟང་པོ་ཡོང་བ་དང་གང་མགྱོགས་གློད་བཀྲོལ་ཡོང་བའི་སྨོན་ལམ་ཞུ་བཞིན་པ་ཡང་གསུང་འདུག

དེ་བཞིན་སྤྱི་ཟླ་༡་ཚེས་༢༨ཉིན་ནི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་རྫོཊ་ནས་མི་ལོ༢༥འཁོར་བའི་དགོངས་རྫོགས་དུས་དྲན་ཡིན་པ་དང་། མི་ལོ༢༥འཁོར་བའི་དགོངས་རྫོགས་དུས་དྲན་ཉིན་བོད་ཕྱི་ནང་གཉིས་ནས་བྱེད་སྒོ་འདྲ་མིན་སྤེལ་ནས་རིན་པོ་ཆེ་མཆོག་རྗེས་དྲན་བྱས་ཡོད་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ནི་༡༩༣༨ ལོར་བོད་མདོ་སྨད་མཚོ་ཤར་བིས་མདོར་སྐུ་འཁྲུངས་ཏེ་༡༩༤༡ ལོར་པན་ཆེན་སྐུ་ཕྲེང་དགུ་པའི་ཡང་སྲིད་དུ་ངོས་འཛིན་མཛད་པ་དང་། ༡༩༥༢ ལོར་གདན་ས་བཀྲིས་ལྷུན་པོར་གསེར་ཁྲི་མངའ་གསོལ་མཛད་དེ་སྐུ་གོང་མའི་རྣམ་ཐར་བདག་གིར་བཞེས་ནས་གསན་བསམ་མཛད་ཡོད་པ་དང། ༡༩༦༢ ལོར་བོད་མི་རིགས་ཀྱི་བདེ་སྡུག་གི་ཆེད་དུ་རྒྱ་ནག་གཞུང་ལ་ཡིག་འབྲུ་ཁྲི་བདུན་གྱི་བསམ་འཆར་སྙན་ཞུ་ཞིག་བཏོན་པར་བརྟེན་ནས་རྡུང་རྡེག་ཕོག་པ་མ་ཟད། ༡༩༦༦ ལོར་རིག་གནས་གསར་རྗེའི་ལས་འགུལ་སྐབས་སྔར་བས་རྡུང་རྡེག་ཚབས་ཆེ་ཕོག་ཏེ་བཙོན་དུ་ལོ་དགུ་ལྷག་བཅུག་ཡོད་པ་རེད། དེ་རྗེས་༡༩༧༧ ལོར་བཙོན་གྲོལ་ཐོབ་སྟེ་གོ་གནས་སླར་གསོ་བྱུང་བའི་རྗེས་ལོ་ངོ་བཅུ་ལྷག་ཙམ་ཞུགས་པའི་རིང་ལ་བོད་མི་རིགས་ཀྱི་ས་ཁོངས་རང་སྐྱོང་གི་དབང་ཆ་དང། བོད་རྒྱ་མི་རིགས་གཉིས་མཐུན་སྒྲིལ། བོད་མི་རིགས་ནང་ཁུལ་མཐུན་ལམ། བོད་ཀྱི་དཔལ་འབྱོར་འཛུགས་སྐྲུན། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ། སླར་གསོ། དར་སྤེལ་གཏོང་རྒྱུར་ནུས་ཤུགས་ཡོད་རྒུ་འདོན་སྤེལ་གནང་ཡོད་པ་རེད། འོན་ཀྱང་༡༩༨༩ ལོའི་ཕྱི་ཟླ་དང་པོའི་ཚེས་༢༨ ཉིན་གློ་བུར་དུ་སྙུང་མནར་གྱིས་གཞིས་རྩེ་བདེ་ཆེན་སྐལ་བཟང་ཕོ་བྲང་གི་གཟིམ་ཆུང་དུ་དགོངས་པ་གཞན་དོན་གཤེགས་ཚུལ་སྟན་གནང་ཡོད་པ་རེད། དེ་རྗེས་༡༩༩༥ ལོའི་ཕྱི་ཟླ་༥ པའི་ཚེས་༡༤ ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་༡༩༨༩ ལོའི་ཕྱི་ཟླ་༤ པའི་ཚེས་༢༥ ཉིན་ལྷ་རི་རྫོང་དུ་འཁྲུངས་པའི་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་པན་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་མཛད་མ་ཐག་ཉིན་གསུམ་ཕྱིན་པའི་རྗེས་ཕྱི་ཟླ་༤ པའི་ཚེས་༡༧ ཉིན་རྒྱ་ནག་གཞུང་གིས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དབུས་པའི་ཡབ་ཡམ་དང་སྐུ་འཁོར་རྣམས་བཙན་ཁྲིད་བྱས་ཏེ་ད་ལྟ་བར་གར་ཡོད་རྩ་བ་ནས་ཤེས་རྟོགས་མེད་པའི་གནས་སུ་གྱུར་ཡོད་པ་མ་ཟད། རྒྱ་ནག་གཞུང་ཕྱོགས་ནས་ཀྱང་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་རྒྱལ་མཚན་ནོར་བུ་བསྐོ་བཞག་བྱས་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན་དང་བསྟན་འཛིན་ནོར་བུ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎