བཙན་བྱོལ་བོད་གཞུང་བཀའ་སྤྱི་ལྷན་ཚོགས།
2011.01.21
༄༅༎བོད་གཞུང་མང་གཉིས་ཀྱི་རྒྱལ་ཡོངས་ཚོགས་ཆེན་དང་པོའི་སྙན་ཐོ་གཞིར་བཟུང་ལག་ལེན་འགེལ་ཕྱོགས་འབྲེལ་བའི་ཐོག་བཀའ་སྤྱི་ལྷན་ཚོགས་ཤིག་གནང་ཡོད་འདུག
དེ་ཡང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བ་འདིའི་ཚེས་བཅོ་ལྔ་ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གི་དབུ་བཞུགས་ཐོག་བཀའ་བློན་ཁྲི་པ་མཆོག་གི་དབུས་པས་འབྲེལ་ཡོད་བཀའ་བློན་རྣམ་པ་བཅས་བཀའ་སྤྱི་ལྷན་ཚོོགས་ཤིག་བསྐོངས་ཚོགས་གནང་ཡོད་པ་དང་། སྔ་ལོ་ཕྱི་ཟླ་དགུ་པའི་བོད་གཞུང་མང་གཉིས་ཀྱི་རྒྱལ་ཡོངས་ཚོགས་ཆེན་དང་པོ་བསྐོངས་ཚོགས་གནང་བའི་སྙན་ཐོའི་ཁོངས་ནས་སྤྱི་འཐུས་ཚོགས་དུས་བཅུ་པའི་ཐོག་མཐའ་མའི་ལས་དོན་ལག་ལེན་འཁེལ་ཕྱོགས་ཐོག་སྙན་ཐོ་བཟོ་བཀོད་གནང་བ་གཞིར་བཟུང་ལག་ལེན་འགེལ་ཐུབ་ཡོད་མེད་དང་། མ་འོངས་པར་ལག་ལེན་བསྟར་ཕྱོགས་ཀྱི་ཐོག་བཀའ་བསྡུར་གནང་ཡོད་པའི་ཁོངས་ནས་སྔ་ལོའི་ཕྱི་ཟླ་བཅུ་གཉིས་པའི་ནང་། སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ཟིན་ཡོད་པ་དེའི་ཁོངས་དམིགས་བསལ་ཆབ་སྲིད་དང་འབྲེལ་བའི་སྐོར་དོན་ཚན་ལྔ་དང་། གཞིས་ཆགས་བསྲ་བརྟན་སྐོར་དོན་ཚན་བཞི། དཔལ་འབྱོར་སྐོར་དོན་ཚན་གཅིག ཤེས་ཡོན་སྐོར་དོན་ཚན་གཅིག བོད་དོན་དྲིལ་བསྒྲགས་དང་འབྲེལ་བའི་སྐོར་དོན་ཚན་གཅིག་བཅས་དོན་ཚན་བཅུ་གཉིས་ཐད་བཀའ་སྤྱི་ལྷན་ཚོགས་ཐོག་བཀའ་བསྡུར་གནང་གལ་གྲོས་མཐུན་ཐག་གཅོད་བྱུང་དོན་བཞིན་སླར་ཡང་ཚོགས་འཛོམས་འདི་ཐོག་ནས་བཀའ་བསྡུར་ཞིབ་ཙམ་གནང་ཡོད་པའི་གནས་ཚུལ་ཐོན་འདུག