སྐྱེ་རྒུ་མདོའི་ས་ཡོམ་ནང་རྐྱེན་འདས་སོང་བའི་གྲངས་འབོར་ཧེ་བར།

འདས་གྲོངས་ཕྱིན་པའི་མི་གྲངས་འབོར་དེ་རྒྱ་ནག་གཞུང་གི་འཛིན་སྐྱོང་དཔོན་རིགས་ཚོས་གསལ་བསྒྲགས་བྱས་པ་ལས་ཧ་ཅང་མང་བ་བྱུང་ཡོད།

2010.04.21

༄༅༎བོད་ཁམས་སྐྱེ་རྒུ་མདོར་བདུན་སྔོན་མ་ས་ཡོམ་གྱི་གནོད་འཚེ་བྱུང་བའི་སྐབས་འདས་གྲོངས་ཕྱིན་པའི་མི་གྲངས་འབོར་དེ་རྒྱ་ནག་གཞུང་གི་འཛིན་སྐྱོང་དཔོན་རིགས་ཚོས་གསལ་བསྒྲགས་བྱས་པ་ལས་ཧ་ཅང་མང་བ་བྱུང་ཡོད་པའི་སྐོར་ཧོང་ཀོང་ནང་རྟེན་གཞི་བྱས་པའི་ཨེ་ཤེ་ཡ་སེན་ཀྲི་ནེལ་Asia Sentinelདྲ་གནས་ཐོག་གནས་ཚུལ་ཐོན་བཞག

ག་སྐྱེ་རྒུ་མདོར་ས་ཡོམ་བརྒྱབ་ནས་ད་ཆ་བདུན་གཅིག་འགྲོ་གི་ཡོད་ནའང་ ས་ཡོམ་སྐབས་འདས་གྲོངས་ཕྱིན་པའི་མིའི་གྲངས་འབོར་ཐད་རྒྱ་ནག་གི་གཞུང་འབྲེལ་བསྡོམས་རྩིས་དང་ཁུལ་དེར་ངལ་སེལ་རོགས་སྐྱོར་གནང་མཁན་དགེ་འདུན་པ་ཚོས་གསུང་པའི་ཁ་གྲངས་གཉིས་མཐུན་གྱི་མེད་པ་མ་ཟད་ རྒྱ་ནག་གཞུང་གིས་གོད་ཆག་ཕོག་པའི་བོད་མི་ཚོར་རོགས་སྐྱོར་གནང་ཕྱོགས་ཐད་ལའང་དོགས་གཞི་ཡོང་བཞིན་ཡོད་པའི་སྐོར་གསར་འགོད་པ་ལྦི་ལི་ལེམ་གྱིས་གནས་ཚུལ་སྤེལ་གནང་འདུག

ཉེ་ཆར་ས་ཡོམ་གྱི་གོད་ཆགས་ཕོག་པའི་སྐྱེ་རྒུ་མདོ་ས་གནས་སུ་མྱུར་སྐྱོབ་རོགས་རམ་གནང་མཁན་བོད་པའི་དགེ་འདུན་པ་ཚོས་ཧོང་ཀོང་གི་གསར་ཤོག་ཁག་དང་བརྙན་འཕྲིན་ལས་ཁང་གི་གསར་འགོད་པ་ཚོར། ད་རེས་ཀྱི་ས་ཡོམ་དེའི་ནང་ཉུང་མཐར་མི་གྲངས་༨༠༠༠ཙམ་ཞིག་འདས་གྲོངས་ཕྱིན་ཡོད་སྐོར་གསུངས་ཡོད་པ་རེད། འོན་ཀྱང་རྒྱ་ནག་གི་གཞུང་འབྲེལ་བསྡོམས་རྩིས་ལྟར་ན་མི་གྲངས་༢༠༠༠ལྷག་ཙམ་ཞིག་ལ་སྲོག་སྐྱོན་དང་༢༠༠ལྷག་ཙམ་གྱི་ཕུང་པོ་ད་བར་བརྙེད་སོན་བྱུང་མེད་པའི་ཁ་གྲངས་གབ་མ་མཚུངས་བ་ཞིག་བཏོན་ཡོད་པ་རེད།

ཁུལ་དེའི་ནང་མྱུར་སྐྱོབ་ཀྱི་ལས་དོན་གནང་མཁན་དགེ་འདུན་པ་ཨེང་ལྦེན་ཌན་སྦ་རེན་ཆིང་ལགས་ཀྱིས་ཧོང་ཀོང་གི་གསར་འགོད་པར། ཁོང་གི་དགོན་པ་གཅིག་པུས་བདུན་སྔོན་མའི་རེས་གཟའ་ཉི་མ་བར་འདས་པོ་ཚོའི་ཕུང་པོ་༣༤༠༠ཙམ་ཞིག་མེར་བསྲེག་བཏང་གནང་ཡོད་པ་དང་ དེ་མིན་དགོན་སྡེ་ཁག་ནས་ཀྱང་ཕུང་པོ་བརྒྱ་ཕྲག་མང་པོ་མེར་བསྲེག་བཏང་ཡོད་སྐོར་གསུངས་ཏེ་ ད་རེས་ས་ཡོམ་གྱི་གོད་ཆགས་འོག་ཁྱོན་མི་གྲངས་༨༠༠༠ནས་༩༠༠༠བར་འདས་གྲོངས་ཕྱིན་ཡོད་པའི་ཚོད་དཔག་གནང་འདུག

རྒྱ་ནག་མི་དམངས་ཞིབ་དཔྱོད་ཁང་གི་དཔོན་རིགས་ཤིག་གིས་ཡུལ་ཤུལ་ཁུལ་གྱི་ས་ཡོམ་དེའི་ནང་འདས་གྲོངས་ཕྱིན་པའི་མིའི་གྲངས་འབོར་དེ་ཁྲི་གཅིག་ཟིན་སྲིད་རྒྱུ་ཡིན་སྐོར་བརྗོད་པ་ཧོང་ཀོང་གི་མིང་ཕའོ་གསར་ཤོག་གིས་ལུང་འདྲེན་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎