གསར་འགྱུར་ཡིག་ཚགས།
2023-07-18
རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཆིན་ཀང་གར་སོང་ཆ་མེད་དུ་གྱུར་ཞིང་ཨ་རི་ཕྱི་སྲིད་དྲུང་ཆེ་མཆོག་གིས་རྒྱ་ནག་གི་ཕྱི་འབྲེལ་དཔོན་རིགས་མཐོ་ཤོས་ཝང་ཡེ་ལ་མི་རིང་བར་ཆིན་ཀང་མཐོང་ཐུབ་པའི་རེ་བ་ཡོད་ཅེས་བཤད་ཡོད་འདུག
2023-07-18
བོད་རིགས་གཞོན་སྐྱེས་ཚོས་བོད་ཀྱི་ཆོས་དང་རིག་གཞུང་དེ་བཞིན་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་སོགས་མི་ཉམས་རྒྱུན་འཛིན་གནང་གལ་ཆེ་བ་༧གོང་ས་མཆོག་གིས་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་བཀའ་བསྩལ་འདུག
2023-07-18
ཆར་ཞོད་རྐྱེན་གྱིས་ཆུ་ལོག་དང་འདམ་རུད་བྱུང་ཡོད་པ་བཞིན། ད་ལྟའི་ཆར་དོན་རྐྱེན་དེའི་ཁྲོད་ཤེས་རྟོགས་བྱུང་བ་མི་གྲངས་༤་འདས་གྲོངས་དང་མི་༢༠ལྷག་ལ་རྨས་སྐྱོན་དང་མི་༨་སྨན་ཁང་དུ་ཉལ་དགོས་བྱུང་ཡོད་པ་དང་། སྒོ་ཟོག་སེམས་ཅན་མང་པོར་ཤི་སྐྱོན་དང་ར་བ་དང་ལམ་ཁ་སོགས་ལ་གཏོར་སྐྱོན་ཐེབས་ཡོད་འདུག
2023-07-17
ཨ་རིའི་བྷོ་སི་ཀྲོན་མཐུན་སྒྲིལ་བུམ་པ་རྟགས་མའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཁྲོད་བོད་པའི་རུ་ཁག་མཉམ་ཞུགས་གནང་བ་མ་ཟད་ད་བར་བོད་པའི་རུ་ཁག་གིས་རྒྱལ་ཁ་ཐེངས་གསུམ་བླངས་འདུག
2023-07-17
འོད་ཟེར་གསར་ཁང་གི་གོ་སྒྲིག་འོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་དང་མ་འོངས་བོད་རྒྱའི་འགྲོ་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་དྲྭ་ལམ་བརྒྱུད་བགྲོ་གླེང་གནང་འདུག
2023-07-17
བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་མཆོག་གིས་ཉི་ཧོང་གི་གྲོས་ཚོགས་འཐུས་མི་དང་མཇལ་འཕྲད་གནང་བོད་སོག་འབྲེལ་བའི་བགྲོ་གླེང་ལ་ཞུགས་པ་སོགས་ཉི་ཧོང་ནང་གི་འཚམས་གཟིགས་འགྲུབ་འདུག
2023-07-17
ཕྱི་ལོ་ ༢༠༢༣ ཟླ་བ་ ༧ ཚེས་ ༡༨ ནས་ ༢༠ བར་ཉིན་གྲངས་གསུམ་རིང་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་བཞུགས་སྒར་དུ་འཚོགས་རྒྱུ་ཡིན་པ་དང་། ཐེངས་འདིའི་ཚོགས་ཆེན་ནང་རྒྱལ་ཁབ་༡༦ནས་བོད་རིགས་གཞོན་སྐྱེས་༡༠༠ལྷག་མཉམ་ཞུགས་གནང་གི་ཡོད་འདུག
2023-07-15
བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་འཚོ་བཞུགས་ཀྱི་དུས་འདིར་རྒྱ་ནག་གཞུང་གིས་བོད་རྒྱའི་གྲོས་མོལ་སླར་གསོ་གནང་དགོས་པ་དང་། ༧གང་ཉིད་ལ་ཁྲིམས་མཐུན་གྱི་༧སྐུ་དབང་ཡོད་པས་གྲོས་མོལ་བརྒྱུད་ཐག་གཅོད་ཇི་གནང་ལ་མི་མང་གིས་རྒྱབ་སྐྱོར་ཞུ་རྒྱུ་ཡིན་པ་གསུངས་པ།
2023-07-15
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་རྡ་རམ་ས་ལར་བཅར་བའི་བོད་མི་གཞོན་སྐྱེས་ ༥༠ ཙམ་ལ་ཕྱི་ཟླ་ ༧ ཚེས་ ༡༤ ཉིན་མཇལ་མོལ་གནང་ཡོད་ཅིང་། སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་ཐོག་བོད་ཀྱི་གནས་བབས་འགྲེལ་བརྗོད་བྱེད་ཕྱོགས་དེར་བསྒྱུར་བ་གཏོང་རྒྱུར་འབད་བརྩོན་གནང་དགོས་པའི་ལམ་སྟོན་གནང་འདུག
2023-07-15
ཟུར་འཁོད་མིང་གཞུང་དུ་ཁྲི་རིན་པོ་ཆེ་དང་ཤར་པ་ཆོས་རྗེ་གཉིས་ནས་མཚན་རྟགས་གནང་བ་ལྟར་ཧར་གདོང་དགེ་བཤེས་ཁང་སེར་སྤྲུལ་སྐུ། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་དུ་བསྐོ་བཞག་བྱ་འཐུས་ཞེས་འཁོད་འདུག
2023-07-14
འཇར་མན་གཞུང་གིས་རྒྱ་ནག་ལ་བརྟེན་རྒྱུ་ཉུང་འཕྲིའི་འཐབ་ཇུས་ཡིག་ཆ་དང་པོ་དེ་བཏོན་པའི་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་བཀོད་འདུག
2023-07-14
ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པའི་སློབ་སྟོན་པ་གཙོས་སྐུ་ཚབ་ཚོགས་ཆུང་གིས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་གནང་ནས་སྤྱི་འཐུས་ཚོགས་གཞོན་མཆོག་དང་མཇལ་འཕྲད་གནང་འདུག
2023-07-14
བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གྱི་ཀུ་ལུ་མ་ན་ལི་ཁུལ་དུ་ཆུ་རུད་ཀྱི་གནོད་ཐེབས་ས་ཁུལ་གྱི་བོད་མི་ཚོར་ཧིན་སྒོར་འབུམ་ལྔའི་རོགས་སྐྱོར་གནང་འདུག
2023-07-14
སློབ་མ་རྗེས་འཛིན་གྱི་དབང་ཕྱི་ཟླ་༧ཚེས་༦་དང་། ཕྱི་ཟླ་༧ཚེས་༡༨ཉིན་ནས་བཟུང་དུས་འཁོར་དབང་ཆེན་གྱི་ལྟ་གོན་དང་ཉིན་གྲངས་གསུམ་ལྷག་རིང་དུས་འཁོར་ཆེན་སྐུར་རྒྱུ་གཏན་འཁེལ་ཡོད་ན་ཡང་། གློ་བུར་རྒྱ་ནག་གཞུང་གིས་ཀན་ལྷོ་ཁུལ་གྱི་དུས་སྟོན་སོགས་ལ་ཁ་གཡར་ནས་བཀག་འགོག་བྱས་ཡོད་པ་།
2023-07-14
ཚང་མས་སེམས་པ་བཟང་པོ་བྱ་རྒྱུ་དང་། མི་ལ་ཕན་སེམས་བྱ་རྒྱུ། དེ་བཞིན་སུ་ཞིག་ལ་གནོད་པ་མི་བྱ་རྒྱུའི་བསླབ་བྱ་གཅིག་གྱུར་ཡིན་ཞེས་བཀའ་སྩལ་བ།