གསར་འགྱུར་ཡིག་ཚགས།
2022-07-08
འདས་པའི་ལོ་ངོ་༡༥རིང་ཉི་ཧོང་གི་སྲིད་བློན་ལས་ཁུར་ཞུས་ཏེ། ཉི་ཧོང་ལོ་རྒྱུས་ཁྲོད་སྲིད་བློན་གྱི་ཞབས་ཞུའི་དུས་ཡུན་རིང་ཤོས་ཆགས་ཡོད་པ་རེད། སྲིད་བློན་དུས་ཡུན་རིང་ཉི་ཧོང་གི་དཔལ་འབྱོར་དང་དམག་དོན་གནས་བབ་ཡར་རྒྱས་ཤུགས་ཆེན་སོང་ཡོད་པ་།
2022-07-07
སངས་རྒྱས་སྐྱབས་ལགས་ཀྱིས་ཁེ་ཎ་ཌའི་ནང་བོད་དོན་ཞི་བའི་གོམ་བགྲོད་གནང་བ་༧གོང་མཆོག་གི་འཁྲུངས་སྐར་ཉིན་ས་གནས་བོད་མི་ཚོས་ཕེབས་བསུ་དང་བཅས་མཇུག་སྒྲིལ་འདུག
2022-07-07
ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཕྱི་སྲིད་དྲུང་ཆེ་རྣམ་གཉིས་ཀྱིས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་དང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་འཁྲུངས་སྐར་མཛད་སྒོར་དངོས་སུ་མཉམ་ཞུགས་གནང་ཡོད་པ་རེད།
2022-07-07
ཐོག་མར་ནང་པའི་སློབ་གཉེར་ཁང་འདི་ཉིད་གསར་བཙུགས་གནང་ནས་རིམ་པས་རྒྱ་གར་གཞུང་གི་ཁྲིམས་དང་མཐུན་པའི་སློབ་གཉེར་ཁང་ཞིག་ཡོང་ཆེད་ཡིན་པ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ངེས་སྟོན་པ་སྒོ་མང་མཁན་ཟུར་བློ་བཟང་རྒྱལ་མཚན་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
2022-07-06
མགོན་པོ་གང་ཉིད་མཆོག་༸སྐུ་སྒེར་ཁོ་ནའི་སྒྲུབ་བཞག་པ་ཞིག་མིན་པར། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་ལྷག་བསམ་དང་སྙིང་སྟོབས་སོགས་ལ་རྟེན་ནས་བྱུང་བ་ཞིག་ཡིན་པ་གསུངས་ཤིང་། ༸སྐུའི་འཁུངས་སྐར་ཉིན་དང་བསྟུན། ཐུགས་དགྱེས་ཚོར་ཆེན་པོས་ཚང་མར་ཐུགས་རྗེ་ཆེ་ཞུས་གནང་སོང་།
2022-07-05
༧གོང་ས་མཆོག་གིས་མོན་དང་༧རྒྱལ་བ་སྐུ་ཕྲེང་རིམ་བྱོན་བར་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་དང་ཧི་མ་ལ་ཡའི་ས་ཁུལ་ཁག་ནང་བོད་ཡིག་སློབ་ཁྲིད་གནང་རྒྱུ་གལ་ཆེན་ཡིན་པ་མོན་པའི་སྐུ་ཚབ་ཅིག་ལ་མཇལ་ཁ་བསྩལ་སྐབས་བཀའ་གནང་འདུག
2022-07-05
རྒྱ་ནག་གི་ཁྲིམས་ཁང་ནས་ཁེ་ཎ་ཌའི་མི་སེར་ཡིན་པ་རྒྱ་རིགས་འབྱོར་ལྡན་པ་ཞིག་ལ་ཁྲིམས་ཞིབ་བྱེད་སྐབས་ཁེ་ཎ་ཌའི་གཞུང་ཚབ་མི་སྣ་མཉམ་ཞུགས་བྱ་རྒྱུར་ཁས་ལེན་བྱས་མི་འདུག
2022-07-05
ཨ་རིའི་ཝ་ཤིན་ཀྲོན་མངའ་སྡེ་ནང་གི་(Clark)་རྫོང་གི་བོད་མི་ཨ་རི་བ་ཁྲིམས་དཔོན་ཐོག་མ་ཚེ་རིང་ཀོར་ནེལ་ལགས་ཀྱིས་ལས་གནས་འགན་བཞེས་ཀྱི་དམ་འབུལ་དངོས་སུ་གནང་འདུག
2022-07-05
བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དང་མཚོ་སྔོན་མགོ་ལོག་ཁུལ་གྱི་རྫོང་ཁག་དང་། དེ་བཞིན་ལི་ཐང་དང་དཀར་མཛེས་སོགས་སུ་མི་མང་ལ་དུས་ངེས་མེད་དུ་ཚོགས་འདུ་འདྲ་མིན་འཚོགས་ནས་རྒྱ་ནག་གི་ཆབ་སྲིད་སློབ་གསོ་དྲིལ་བསྒྲགས་དང་། ས་གནས་ཁག་མང་པོའི་ནང་ཞིབ་བཤེར་ས་ཚིགས་མང་པོ་ཆེད་དུ་བཟོས་ཏེ་འགྲོ་སྐྱོད་བྱེད་མཁན་ཚོར་ཞིབ་བཤེར་དང་། ཆེད་གཉེར་ལྟ་རྟོག་མི་སྣ་ཟེར་བ་ཆེད་འཛུགས་ཀྱིས་ཁྱིམ་ཚང་གི་ནང་དུ་སོ་ཉུལ་ལྟ་རྟོགས་བྱེད་བཞིན་ཡོད་སྐོར། བོད་ནང་གི་བོད་མི་ཁག་ཅིག་ནས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
2022-07-04
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༧ ལ་ཕེབས་པའི་སྐུའི་འཁྲུངས་དུས་ཆེན་སྲུང་བརྩི་ཞུ་སྐབས་སྐུ་མགྲོན་གཙོ་བོར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ Jai Ram Thakur མཆོག་ཕེབས་རྒྱུ།
2022-07-04
འབྱུང་འབྱུར་ནང་པའི་སློབ་གཉེར་ཁང་དེ་བཞིན་རྒྱ་བསྐྱེད་དུ་སོང་སྟེ་རྒྱ་གར་དབུས་གཞུང་ནས་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གཞན་ལྟར་ངོས་འཛིན་ཐོབ་པ་ཡིན་ན། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཁྱབ་ཁོངས་དགོན་སྡེ་དང་བཙུན་དགོན་ཚང་མར་སྤྱི་མཚུངས་ཀྱི་ལག་འཁྱེར་སྤྲོད་རྒྱུ་ཡིན་འདུག
2022-07-02
བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་བླ་བྲང་འཇིཊ་མེད་ལགས། དེ་སྔ་བཙོན་ཁང་ནས་གཅར་རྡུང་མནར་གཅོད་ཤུགས་ཆེར་བཏང་བའི་ནད་གཞིའི་རྐྱེན་གྱིས་སྨན་ཁང་དུ་ཡུན་རིང་བསྡད་ཀྱང་ཕན་ཐོགས་གང་ཡང་མ་བྱུང་བར། དེ་རིང་ཕྱི་ཟླ་ ༧ ཚེས་ ༢ ཉིན་གྱི་བོད་ནང་གི་ཆུ་ཚོད་༡༢དང་སྐར་མ་༡༥སྟེང་། ཁོང་གི་ཕ་ཡུལ་ཕུག་སྡེའི་རང་ཁྱིམ་དུ་སྐུ་གཤེགས་ཡོད་འདུག
2022-07-02
༸དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་དགུང་གྲངས་༣༨ ལ་ཕེབས་པའི་སྐུ་ཡི་འཁྲུངས་སྐར་བོད་ནང་སྔ་ལོ་བཞིན་དགེ་ལས་དང་སྤྱི་ཕན་གྱི་ངོ་བོའི་ཐོག་ནས་སྲུང་བརྩི་ཟབ་རྒྱས་ཞུས་གནང་འདུག
2022-07-02
ཇི་སྲིད་གནམ་མཁའ་གནས་པ་དང་། འགྲོ་བ་ཇི་སྲིད་གནས་གྱུར་པ། དེ་སྲིད་བདག་ནི་གནས་འགྱུར་ནས། འགྲོ་བའི་སྡུག་བསྔལ་སེལ་བ་ཤོག་ཅེས་རྒྱུན་དུ་ངོས་ཀྱིས་སྨོན་ལམ་རྒྱག་གི་ཡོད་ལ། མ་འོངས་པར་ཚེ་རབས་ནས་ཚེ་རབས་ངོས་ཀྱིས་ཕན་ཐོག་སྒྲུབ་ཐུབ་སའི་གནས་ཤིག་ལ་སྐྱེས་རྒྱུའི་དམ་བཅའ་བརྟན་པོ་ཡོད་ཅེས། ༸གོང་ས་མཆོག་གིས་བཀའ་སླལ་བ།