སྐུའི་འཁྲུངས་སྐར་དུས་ཆེན་ལ་རྒྱ་གར་ཧི་མ་ཅལ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་ Jai Ram Thakur མཆོག་ཕེབས་རྒྱུ།

2022.07.04
སྐུའི་འཁྲུངས་སྐར་དུས་ཆེན་ལ་རྒྱ་གར་ཧི་མ་ཅལ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་ Jai Ram Thakur མཆོག་ཕེབས་རྒྱུ། ༧གོང་ས་མཆོག་དང་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་(Shri Jai Ram Thakur)་གཉིས་མཇལ་འཕྲད་སྐབས། ༢༠༡༨།༢།༡
OHHDL

༅། ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༨༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ Jai Ram Thakur མཆོག་ཕེབས་རྒྱུ་ཡིན་སྐོར་གསུངས་འདུག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་ Wion བརྙན་འཕྲིན་ལས་ཁང་གིས་འདི་ཟླའི་ཚེས་ ༢ ཉིན་གནད་དོན་འདྲ་མིན་མང་པོའི་ཐོག་གནས་འདྲི་ཞུ་སྐབས་་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བརྩི་མཐོང་ཆེན་པོ་ཞུ་བཞིན་པ་དང་། སྔ་ལོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ལ་རྒྱ་གར་གྱི་སྲིད་བློན་ NarendraModi མཆོག་ནས་འཚམས་འདྲི་ཞུས་པ་དང་། ད་ལོ་༧གོང་ས་མཆོག་ཕྱི་ལུགས་དགུང་གྲངས་ ༨༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་དེ་བཞིན་འདི་ཟླའི་ཚེས་ ༦ སྟེ་རེས་གཟའ་ལྷག་པའི་ཉིན་བཞུགས་སྒར་དྷ་རམ་ས་ལར་གཞུང་འབྲེལ་གྱི་སྒོ་ནས་སྲུང་བརྩི་ཞུ་སྐབས་སྐུ་མགྲོན་གཙོ་བོ་ནི། ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ JaiRamThakur མཆོག་ཆེད་ཕེབས་གནང་རྒྱུ་ཡིན་སྐོར་གསུངས་འདུག ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམས་ཀྱིས་ཕྱི་རྒྱལ་གྱི་དབུ་ཁྲིད་རྣམས་དང་མཇལ་འཕྲད་བཀའ་མོལ་གནང་ཚེ་རྒྱ་ནག་གཞུང་ཁོང་ཁྲོ་ལང་གི་ཡོད་པ་ལྟར། ཉེ་དུས་འདི་ག་ཨ་མེ་རི་ཀའི་རྒྱལ་ས་ཝ་ཤིང་ཀྲོན་ནང་འཛམ་གླིང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་ཚོགས་པ་དང་། དེའི་ནང་རྒྱལ་ཁབ་མི་འདྲ་བ་ ༢༨ ལྷག་གི་གྲོས་ཚོགས་འཐུས་མི་རྣམས་མཉམ་ཞུགས་གནང་བའི་ནང་སྲིད་སྐྱོང་མཆོག་ཀྱང་ཆེད་ཕེབས་གནང་བ་དང་། སྐབས་དེར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནན་སི་པེ་ལོ་སི་མཆོག་གིས་བཀའ་སློབ་གསུང་བཤད་གནང་བ་ སོགས་ལ་ངོ་རྒོལ་ཞུས་པ་བཀོད་འདུག ཡིན་ནའངཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཐོག་གི་ལས་དོན་ཚོགས་ཆུང་གིས་བོད་རྒྱའི་དཀའ་རྙོག་དང་། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སྤྱི་དང་། ལྷག་པར་བོད་རང་དབང་རང་བཙན་གཙང་མ་ཡིན་སྐབས་ཀྱི་ལོ་རྒྱུས་རྒྱས་བཤད་རྒྱག་ཕྱོགས་ལ་སྤྱོད་ཚུལ་ཇི་ལྟར་སྟོན་སྟངས་སྐོར་གསན་ཞིབ་ཅིག་སྐོང་འཚོགས་གནང་ཡོད་པ་དང་། ཡང་རྒྱ་ནག་གཞུང་གིས་སྤྱི་ནོར་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་སྐོར་རྩོད་ གླེང་བྱེད་བཞིན་ཡོད་རུང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཆོས་ཁས་མི་ལེན་མཁན་རྒྱ་ནག་དམར་པོའི་གཞུང་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་འོས་འགན་རྩ་བ་ནས་མེད་སྐོར་གསུངས་པར་མ་ཟད། ༧གོང་ས་མཆོག་གིས་སྐུའི་ཡང་སྲིད་ཀྱི་ཐུགས་ཐག་གཅོད་རྒྱུའི་སྐུ་དབང་ཡོངས་རྫོགས་༧མགོན་པོ་གང་ཉིད་ལ་ཡོད་པ་ལས། གཞན་སུ་ལ་ཡང་མེད་སྐོར་སོགས་ཀྱང་གསུངས་ཡོད་པའི་གནས་ཚུལ་འདུག།

གསར་འགོད་པ། བསོད་ནམས།

ཙོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།

དྲ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎