གསར་འགྱུར་ཡིག་ཚགས།
2023-06-11
རྡ་ས་རུ་ཁག་གིས་དོན་གྲུབ་གླིང་རུ་ཁག་ལ་སྤོ་ལོ་གཉིས་བླུགས་ཏེ། ༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་ཐེངས་༢༨པའི་རྒྱལ་ཁ་ཐོབ་པ།
2023-06-10
ཨ་མི་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ Uzra Zeya མཆོག་གིས་བོད་མི་གཞོན་སྐྱེས་འགོ་འཁྲིད་ཁག་ཅིག་དང་མཇལ་ཕྲད་གནང་སྟེ། ཁོང་གི་ཕྱི་སྲིད་ལས་ཁུངས་ནང་ཕྱག་ལས་གནང་པའི་མྱོང་བ་དང་། བོད་དོན་དཀའ་རྙོག་སེལ་ཐབས་སུ་རྒྱ་ནག་མཉམ་དུ་ལས་དོན་ཇི་གནང་སྐོར་གསལ་བཤད་གནང་འདུག
2023-06-10
ཁེ་ན་ཌའི་བོད་དོན་ཚོགས་པའི་ཚོགས་གཙོ་ཤེས་རབ་ཐར་ཕྱིན་ལགས་ཀྱིས་ཁེ་ན་ཌའི་གྲོས་ཚོགས་སུ་རྒྱ་ནག་གིས་ཁེ་ན་ཌའི་ནང་ཐེ་བྱུས་བྱེད་པའི་གནད་དོན་ཐོག་གསར་འགོད་ལྷན་ཚོགས་གནང་སྐབས་བོད་ནང་རྒྱ་ནག་གཞུང་གིས་མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པ་ཐེར་འདོན་གསལ་བཤད་གནང་འདུག
2023-06-10
ང་ཚོའི་ཁ་མདོག་དང་མི་རིགས། ས་གནས་གང་གི་ཡིན་མིན་བཅས་ལ་མ་ལྟོས་པར། ང་ཚོ་ཚང་མ་འགྲོ་བ་མི་ཡིན་པ་གཅིག་གྱུར་ཡིན་པར་བརྟེན། ང་ཚོ་ཚང་མ་གཅིག་པ་ཡིན་པ་བརྗེད་མི་རུང་ཞེས་ནན་གསུང་མཛད་འདུག
2023-06-09
འདི་ལོ་རྒྱ་ནག་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་སམ་སློབ་ཆེན་འཛུལ་ཞུགས་ཀྱི་ཡིག་རྒྱུགས་ཁྲོད་བོད་ཁུལ་གྱི་སློབ་གྲྭ་ཁག་ཏུ་རྒྱ་ཡིག་གི་ལམ་ནས་ཡིག་རྒྱུགས་གཏོང་ཚད་མང་དུ་ཕྱིན་ཡོད་འདུག
2023-06-09
ལྷོ་ཀོ་རི་ཡས་ཡུལ་དེར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་འབོད་འགུག་གནང་སྟེ་ཁོས་གཏམ་བཤད་ལོག་པ་སྤེལ་བ་ཐེར་འདོན་དང་དེ་རིགས་ཕན་ཐོགས་མེད་པ་ཞིག་ཡིན་ལུགས་བརྡ་ལན་སྤྲད་ཡོད་འདུག
2023-06-09
ཨ་རིའི་རྒྱལ་སར་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་སྡེ་ཚན་གཙོ་འགན་བཞེས་མཁན་བུ་ཆུང་ཚེ་རིང་ལགས་སུ་(Truman–Reagan)རང་དབང་གི་གཟེངས་རྟགས་དངོས་སུ་འབུལ་བཞེས་གནང་སོང་།
2023-06-09
རྒྱ་རིགས་མཁས་པ་孫་治་本་་སོན་ཀྲི་པིན་ལགས་ནས། ཐེ་ཝན་དང་བོད་ཀྱི་དབར་རྒྱ་ནག་དང་འབྲེལ་མོལ་སྐོར་ཉམས་མྱོང་སྤེལ་རེས་བྱ་རྒྱུ་ཡོད་པ་མ་ཟད། ཐེ་ཝན་གྱི་མི་ཚོས་༧གོང་ས་མཆོག་གི་དབུ་མའི་ལམ་གྱི་སྙིང་སྟོབས་དང་ནང་དོན་ལ་མིག་དཔེ་བལྟ་ས་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག
2023-06-08
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གཞུང་ཚབ་ཆེན་མོས་རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་ཁུལ་དུ་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཐད་བློ་འཚབ་ཆེན་པོ་ཡོད་པ་གསལ་འདོན་གནང་འདུག
2023-06-08
ཨའོསི་ཊིརི་ཡར་ནང་པའི་མཆོད་རྟེན་ཞིག་དབུ་འབྱེད་ཀྱི་མཛད་སྒོར་༧གོང་ས་མཆོག་གིས་གསུངས་འཕྲིན་བསྩལ་ནས་ཞི་བདེ་ནི་སྨོན་ལམ་ཁོ་ན་བརྒྱུད་ནས་མ་ཡིན་པར་ལག་ལེན་གྱི་ཐོག་ནས་ཡོང་གི་ཡོད་པའི་ལམ་སྟོན་མཛད་འདུག
2023-06-08
སྲིད་སྐྱོང་མཆོག་གིས་རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག་ཁྲོད་རེ་བ་དང་གདོང་ལེན་ཞེས་པའི་ཚོགས་འདུ་འདིས་རྒྱ་ནག་གི་བཙན་གནོན་མུ་མཐུད་དུ་ཁུར་རྒྱུ་མིན་པ་རྒྱ་ནག་ལ་བརྡ་ལན་སྤྲོད་རྒྱུ་ཡིན་པ་གསུངས་སོང་།
2023-06-08
སྤྱི་ཟླ་༦པའི་ཚེས་༨ཉིན་ཐུགས་དམ་གྲོལ་བ་དང་བསྟུན་ཡོངས་བསྒྲགས་གནང་ཡོད་པ། ཁྲ་འགུ་དགོན་ཁག་གི་བསྟན་པའི་བདག་པོ་ཆོས་རྗེ་བླ་མ་དབང་ཕྱུག་སྟོབས་ལྡན་རིན་པོ་ཆེ་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག
2023-06-07
དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་གཉིས་ཀྱིས་མཉམ་དུ་ལྡི་ལིར་གཞུང་ཚབ་ཁག་བཅུ་བདུན་ལ་བཅར་ནས་ཉིན་གསུམ་རིང་བོད་དོན་ཞུ་སྐུལ་གནང་འདུག
2023-06-07
ཨ་རིའི་རྒྱལ་སར་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་སྡེ་ཚན་གཙོ་འགན་བཞེས་མཁན་བུ་ཆུང་ཚེ་རིང་ལགས་སུ་(Truman–Reagan)རང་དབང་གི་གཟེངས་རྟགས་འབུལ་གཏན་འཁེལ་འདུག
2023-06-07
རྒྱལ་སྤྱིའི་ཆབ་སྲིད་རང་བཞིན་ལ་འགྱུར་འགྲོ་ལྡོག་འགྲོ་བཞིན་པའི་དུས་འདིར། བཞུགས་སྒར་རྡ་རམ་ས་ལར་རྒྱ་ནག་གི་བཙན་གནོན་དང་དྲག་ངོམས་བྱེད་ཡུལ་མི་རིགས་ཚོར་རེ་བ་ཇི་ཡོད་དང་གདོང་ལེན་བྱེད་ཕྱོགས་ཐད་ཚོགས་འདུ་ཞིག་བསྐོང་ཚོགས་གནང་བའི་ཐོག་རྒྱ་རིགས་དམངས་གཙོ་དོན་གཉེར་བ་འདས་པོ་ལིའུ་ཞོ་པོ་ཡི་ལྕམ་ལིའུ་ཞཱ་ལགས་ཀྱང་ཚོགས་ཞུགས་གནང་གཏན་འཁེལ་ཡོད་འདུག