༧གོང་ས་མཆོག་གིས་རྒྱ་ནག་གི་མང་གཙོ་དོན་གཉེར་བ་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན། འདས་པོ་ལིའུ་ཞོ་པོ་ལགས་ཀྱི་ལྕམ་ལིའུ་ཞ་སོགས་ལ་མཇལ་ཁ་བཀའ་སློབ་སྩལ་ཡོད་པ།

2023.06.10
༧གོང་ས་མཆོག་གིས་རྒྱ་ནག་གི་མང་གཙོ་དོན་གཉེར་བ་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན། འདས་པོ་ལིའུ་ཞོ་པོ་ལགས་ཀྱི་ལྕམ་ལིའུ་ཞ་སོགས་ལ་མཇལ་ཁ་བཀའ་སློབ་སྩལ་ཡོད་པ། ༸གོང་ས་མཆོག་གིས་ལྕམ་ལིའུ་ཞ་ལགས་སུ་མཇལ་ཁ་སྩལ་བའི་སྐབས། ༢༠༢༣།༠༦།༡༠ ཉིན།
OHHDL

རྒྱ་རིགས་མང་གཙོ་དོན་གཉེར་བ་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན། འདས་པོ་ལིའུ་ཞོ་པོ་ལགས་ཀྱི་ལྕམ་ལིའུ་ཞ་དང་། རྒྱ་ནག་གི་གནམ་བདེ་སྒོ་མོའི་མང་གཙོའི་ལས་འགུལ་པ་ཡུ་གུར་མི་རིགས་ཨོས་ཨུར་ཁ་ཤི། ལྷོ་སོག་པོ་དང་མན་ཇུ། ཧོང་ཀོང་དང་ཐེ་ཝན་སོགས་ཀྱི་ཤེས་ཡོན་པ་དང་ལས་འགུལ་བ་སྐོར་ཅིག་ལ། བཞུགས་སྒར་ཕོ་བྲང་དུ་༧གོང་ས་མཆོག་གིས་སྤྱི་ཟླ་༦པའི་ཚེས་༡༠ཉིན་མཇལ་ཁ་བཀའ་སློབ་སྩལ་ཡོད་ཅིང་། མཇལ་ཁ་གྲུབ་རྗེས་ཨ་མི་རི་ཀའི་ནང་གནས་སྡོད་མན་ཇུའི་མི་རིགས་ཀྱི་སྐུ་ཚབ་སྲིད་བློན། མེ་ཧྥུང་ཇེ་ལགས་ནས་༧གོང་ས་མཆོག་གིས་ཁོང་ཚོར་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གལ་ཆེན་ཡིན་པ་ནན་གསུང་གནང་གི་འདུག་ཅེས་འགྲེལ་བརྗོད་གནང་སོང་། ཁོང་གིས་༧གོང་ས་མཆོག་གིས་ང་ཚོར་དམིགས་བསལ་གསུང་གནང་བ་གཅིག་ནི། ང་ཚོའི་ཁ་མདོག་དང་མི་རིགས། ས་གནས་གང་གི་ཡིན་མིན་བཅས་ལ་མ་ལྟོས་པར། ང་ཚོ་ཚང་མ་འགྲོ་བ་མི་ཡིན་པ་གཅིག་གྱུར་ཡིན་པར་བརྟེན། ང་ཚོ་ཚང་མ་གཅིག་པ་ཡིན་པ་བརྗེད་མི་རུང་ཞེས་ནན་གསུང་གནང་གི་འདུག་ཅིང་། ང་ཚོ་འགྲོ་བ་མིའི་གཞི་རྩའི་གནད་དོན་ཞིག་ནི། མི་ལ་འདྲ་མཉམ་དང་རང་དབང་ཡོད་དགོས་པ་མ་གཏོགས། མཐོ་དམན་གྱི་ཁྱད་པར་དོད་མི་རུང་བས། ཁོང་གི་བཀའ་སློབ་དེ་ཧ་ཅང་རྒྱུ་མཚན་ལྡན་པ་ཞིག་མཐོང་གི་འདུག་ཅེས་འགྲེལ་བརྗོད་གནང་གི་སོང་ལ། གཞན་ཡང་ཐེ་ཝན་གྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་རྒྱ་རིགས་ཀྲིན་ཁའེ་རོང་ལགས་ནས། མོ་རང་ཐེ་ཝན་རང་བཙན་རྩོད་མཁན་ཞིག་ཡིན་ནའང་༧གོང་ས་མཆོག་གི་བཀའ་སློབ་ཉན་ཏེ། ཐུན་མོང་གི་ཁེ་ཕན་ཐོག་འབད་བརྩོན་བྱ་འདོད་ཡོད་པ་ཞིག་ཏུ་བསྒྱུར་སོང་ཞེས་འགྲེལ་བརྗོད་གནང་གི་འདུག

ང་རང་གི་བསམ་ཚུལ་ལ་༧གོང་ས་མཆོག་གིས་ཐད་ཀར་འགྱུར་བ་བཏང་སོང་བ་ལྟ་བུ་ཆགས་སོང་། གཞི་རྩའི་ང་རང་ཐེ་ཝན་རང་བཙན་གྱི་ཐོག་འབད་བརྩོན་བྱ་འདོད་ཤུགས་ཆེ་བྱེད་མཁན་ཞིག་དང་། ད་ལྟ་བྱ་འདོད་མེད་པ་དེ་འདྲ་མིན་ནའང་། ༧གོང་ས་མཆོག་གིས་ང་ཚོ་ཚང་མ་མི་གཅིག་གྱུར་ཡིན་པས་ང་ཚོར་འདྲ་མཚུངས་དང་ཐུན་མོང་གི་ཆ་ཡོད་པ་མ་ཟད། ཐུན་མོང་གི་བདེ་སྡུག་དང་འབྲེལ་བའི་ཕན་ཁེ་ཡོད་པར་བཀའ་གནང་བ་དེར། བསམ་ཤེས་ཡག་པོ་བྱེད་ཐུབ་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་ཡུ་གུར་མི་རིགས་རྒྱ་ནག་མང་གཙོའི་ལས་འགུལ་བ་གྲགས་ཅན་ཨོས་ཨུར་ཁ་ཤེ་ལགས་ནས། མང་གཙོ་རང་དབང་གི་རྒྱལ་ཁབ་ཁག་ཏུའང་ཁ་བྲལ་གྱི་ལས་འགུལ་ཡོང་བཞིན་པ་ཡིན་པས། བོད་དང་ཡུ་གུར་ལ་རྒྱ་ནག་གཞུང་གིས་གཏོར་བཅོམ་བྱེད་སྟངས་ལ་བལྟས་ན། ཁ་བྲལ་དང་རང་བཙན་རྩོད་འོས་པ་ཞིག་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

དེང་སང་འཛམ་གླིང་གི་རང་དབང་མང་གཙོའི་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་འབྲེལ་ལམ་མཚམས་འཇོག་གིས། བོད་དང་ཡུ་གུར་ལ་རང་བཙན་རྩོད་རྒྱུའི་ཐོབ་ཐང་ཡོད་པར་ངོས་ལེན་གནང་དགོས་ངེས་ཤིག་རེད། རྒྱ་ནག་གིས་ང་ཚོ་ཁ་བྲལ་རིང་ལུགས་པ་རེད་ཅེས་བཤད་བསྡད་ཡོད་ནའང་། དོན་དངོས་སུ་མང་གཙོ་རང་དབང་གི་རྒྱལ་ཁབ་ཁག་ཏུའང་འདོད་པ་མེད་ན་ཁ་བྲལ་གྱི་ལས་འགུལ་སྤེལ་ཆོག་གི་ཡོད་པས། རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་ལ་གཏོར་བཅོམ་གཉའ་གནོན་བྱེད་སྟངས་ལ་གཞིགས་ན། ང་ཚོས་ཁ་བྲལ་དང་རང་བཙན་བརྩད་ན་འོས་ཤིང་འཚམས་པ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས། ཉི་མ་ཁ་ཤས་རིང་གི་ཚོགས་འདུ་དེར་ཚང་མས་ང་ཚོ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ན། ང་ཚོ་ཚང་མའི་དམིགས་ཡུལ་དང་མངོན་འདོད་འགྲུབ་ངེས་རེད་ཅེས་བསམ་ཚུལ་བཏོན་པ་མ་ཟད། ད་རེས་ཡུ་གུར་དང་སོག་པོ།རྒྱ་ནག་གི་མང་གཙོ་དོན་གཉེར་བ་སོགས་ཚང་མ་བོད་པས་རུབ་རུབ་བཟོ་ཐུབ་སོང་བས། མ་འོངས་པར་ཡང་བོད་པས་དེ་ཕྱོགས་སུ་ནུས་པ་འདོན་པའི་འབོད་སྐུལ་གནང་བ་འགྲེལ་བརྗོད་གནང་སོང་།

བོད་མིའི་སྒྲིག་འཛུགས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་གོ་སྒྲིག་གནང་སྟེ། བཞུགས་སྒར་དུ་ཉི་མ་གསུམ་རིང་རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག་གི་ཐོག་བགྲོ་གླེང་འཚོགས་འདུ་དེ། སྤྱི་ཟླ་༦པའི་ཚེས་༡༠ཉིན་ཡོངས་སུ་མཇུག་བསྡོམས་གནང་ཡོད་པ་དང་། ཚོགས་འདུ་དེར་བོད་རྒྱ་མི་རིགས་འབྲེལ་ལམ་དང་། རྒྱལ་སྤྱི་དང་ཁྱད་པར་རྒྱ་ནག་གི་སྲིད་དོན་འགྱུར་འགྲོས་ལ་ལྟོས་ཏེ་རེ་བ་དང་གདོང་ལེན་གནང་ཕྱོགས་སོགས་གོ་བསྡུར་བྱུང་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎