གསར་འགྱུར་ཡིག་ཚགས།
2022-06-10
༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་ནང་བོད་པའི་ཆོས་དང་། རིག་གཞུང་། སྐད་ཡིག་ལ་སོགས་པ་སྲུང་སྐྱོབ་བྱས་ཡོད་པ་དེ་རྒྱུན་འཁྱོངས་མ་ཐུབ་པ་ཡིན་ན་ང་ཚོ་ལོ་རྒྱུས་ཀྱི་ནག་ཉེས་ཅན་ཆགས་རྒྱུ་ཡིན་པ་སྲིད་སྐྱོང་མཆོག་གིས་གསུང་ཡོད་པ་རེད།
2022-06-10
གཞུང་ཕྱོགས་ནས་ས་ཡོམ་སྐོར་གྱི་པར་རིས་དང་བརྙན་དང་གནས་ཚུལ་རིགས་གང་བྱུང་དྲ་ལམ་ཁག་ཏུ་བརྒྱུད་སྐུར་མི་ཆོག་པའི་བཀའ་གཏོང་བཞིན་ཡོད་སྐོར་ས་གནས་རང་གི་འབྲེལ་ཡོད་བོད་མི་ཞིག་ནས་འགྲེལ་བརྗོད་གནང་བྱུང་།
2022-06-09
བོད་དོན་ཞི་བའི་ལས་འགུལ་བ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བོད་ནང་བར་ཞི་བའི་གོམ་བགྲོད་བྱས་བའི་ལམ་བར་ནས་གློ་བུར་གར་སོང་ཆ་མེད་དུ་གྱུར་ནས་ལོ་དགུ་འགོར་ཀྱང་གནས་སྟངས་ཁ་གསལ་མེད་པར་ལྷག་འདུག
2022-06-09
རྔ་བ་ཁུལ་འབར་ཁམས་ཕྱོགས་སུ་འགུལ་ཚད་རིམ་པ་ལྔ་གྲངས་ཆུང་བརྒྱད་ཡིན་པའི་ས་འགུལ་རྒྱབ་འདུག་ལ་ད་ལྟའི་ཆར་མི་སྣ་ཤི་རྨས་བྱུང་ཡོད་མེད་སོགས་ཀྱི་གནས་ཚུལ་ཁ་གསལ་མི་འདུག
2022-06-09
ཚོགས་སྡེ་ཁག་ཉིས་བརྒྱ་ལྷག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་པས་ལས་གནས་ནས་དགོངས་ཞུ་དགོས་བའི་འབོད་སྐུལ་གནང་འདུག
2022-06-08
བོད་ནང་གི་རྩོམ་པ་པོ་རོང་བོ་གངས་དཀར་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་ད་ལྟའི་ཆར་ཁོང་གི་གནས་སྟངས་གསལ་ཆ་མེད་པར་གྱུར་འདུག
2022-06-08
བཞུགས་སྒར་དུ་ད་ལོའི་མ་ཎི་དུང་སྒྲུབ་སྐབས་༧གོང་ས་མཆོག་ཐེངས་གཉིས་ལ་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་བ་དང་སྤྱན་རས་གཟིགས་ཀྱི་དབང་ཆེན་བསྩལ་ཡོད་པ་རེད།
2022-06-08
འགྲེམས་སྟོན་དེའི་ནང་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ན་ཕྲ་བའི་དུས་སྐབས་དང་། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་པའི་བརྒྱུད་རིམ། བཙན་བྱོལ་དུ་མཛད་པ་འཕྲིན་ལས་རྒྱས་ཚུལ་སོགས་རྒྱ་ཆེ་མང་ཚོགས་ལ་གསལ་སྟོན་གནང་གི་ཡོད་པ་།
2022-06-07
རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་རིགས་གོང་རིམ་ལ་རྩིས་སྤྲད་ན་རྒྱ་སྒོར་འབུམ་གཅིག་གི་བྱ་དགའ་སྤྲོད་རྒྱུའི་སྒྲིག་གཞི་གསར་བ་ཞིག་བསྒྲགས་འདུག
2022-06-07
ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཉེས་འཛུགས་ཕོག་པ་ཚོར་ཡུན་རིང་མར་འགྱངས་བྱས་བའི་རྗེས་ཁྲིམས་བཤེར་འགོ་འཛུགས་བྱས་འདུག
2022-06-07
ཆོལ་ཁ་ཆོས་རྒྱུད་བར་འཐེན་འཁྱེར་སྤང་སྟེ་བོད་མི་ནང་ཁུལ་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་ལ་འབད་དགོས་པ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཁག་ནང་འཚམས་གཟིགས་སྐབས་གསུང་ཡོད་པ་རེད།
2022-06-07
ཁོང་གིས་བཙོན་ཁང་གི་འབྲེལ་ཡོད་ཅིག་བརྒྱུད་ནས་ནང་མི་ཚོར་ཁོང་བདེ་ཐང་ཡིན་པ་དང་། ནང་མི་ཚོས་འདྲ་པར་རེ་བསྐུར་ཐབས་ཡོང་བའི་སྐད་བསྐུར་དང་། རྗེས་ཕྱོགས་ཟླ་བ་རེའི་ནང་ཁྱིམ་མི་ཚོར་སྐར་མ་བཅུ་རིང་ཁ་པར་གཏོང་བཅུག་རྒྱུའི་ཆོག་མཆན་སྤྲད་ཡོད་སྐོར་བཤད་ཡོད་པ་འགྲེལ་བརྗོད་གནང་བྱུང་།
2022-06-06
སྲིད་སྐྱོང་མཆོག་གིས་ད་ལྟའི་ཆར་བོད་མི་ཚོར་དགོས་མཁོ་ཆེ་བ་དེ་བོད་ནས་ཕྱིས་སུ་ཕེབས་པའི་བོད་མི་ཁྱིམ་ཚང་ཉིས་སྟོང་མ་ཟིན་ཙམ་ལ་ས་ཞིང་དང་སྡོད་ཁང་མེད་པའི་དཀའ་ངལ་དེ་ཡིན་པ་གསུངས་བྱུང་།
2022-06-06
ཨ་མི་རི་ཀའི་(NBA)་ལག་རྩེད་སྤོ་ལོ་རྩེད་འགྲན་པ་གྲགས་ཅན་ཨེ་ནེསི་ཁན་ཊར་(Enes Kanter Freedom)་ལགས་ཀྱིས་བོད་མི་ཚོའི་འཐབ་རྩོད་བརྒྱུད་ཁོང་ལ་སྙིང་སྟོབས་དང་རེ་བ་གསར་པ་ཞིག་བསྐྲུན་པ་གསུང་འདུག
2022-06-06
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ཨེ་ཤེ་ཡ་དང་ཡོ་རོབ་མངའ་ཁུལ་གྱི་བོད་མི་དང་ཕྱི་རྒྱལ་མི་རིགས་ཁག་ཅིག་ལ་མཇལ་ཁ་གནང་བར་དད་ལྡན་པ་ཚོས་དགའ་གུས་ཆེན་པོ་གནང་གི་འདུག