བོད་མི་ཚོས་ཆོལ་ཁ་དང་ཆོས་རྒྱུད་བར་གྱི་འཐེན་འཁྱེར་སྤང་སྟེ་ནང་ཁུལ་རྡོག་རྩ་ཆིག་སྒྲིལ་གནང་གལ་ཆེ། སྲིད་སྐྱོང་མཆོག་གིས།

2022.06.07
བོད་མི་ཚོས་ཆོལ་ཁ་དང་ཆོས་རྒྱུད་བར་གྱི་འཐེན་འཁྱེར་སྤང་སྟེ་ནང་ཁུལ་རྡོག་རྩ་ཆིག་སྒྲིལ་གནང་གལ་ཆེ། སྲིད་སྐྱོང་མཆོག་གིས། སྲིད་སྐྱོང་མཆོག་གིས་ཀོ་ལེ་གྷལ་དོན་ལྡན་གླིང་གི་གཞིས་གྲོང་ཁག་ནང་འཚམས་གཟིགས་སྐབས། ༠༦།༠༦།༢༠༢༢
CTA

དེང་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཁག་གི་ནང་ཡོད་པའི་གྲོང་སྡེ་དང་། དགོན་སྡེ། ཚོགས་སྡེ་ཁག་བཅས་ཀྱི་སྡེ་ཚན་སོ་སོའི་ནང་འཚམས་གཟིགས་དང་མཉམ་ས་གནས་ཀྱི་གནས་སྟངས་རྒྱུས་ལོན་གནང་བཞིན་ཡོད་པ་ལྟར། འདི་ཚེས་༦ཉིན་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་བག་ཡོད་དགོན་པའི་གཙུག་ལག་ཁག་ནང་མདུན་ཐང་དུ་གྲྭ་ཚང་དེ་དང་དགོན་པ་དེའི་ཉེ་འགྲམ་དུ་གྲོང་སྡེ་ཝི་ནང་ཆེན་བརྒྱ་ཤོག་ཐུན་མོང་གིས་སྲིད་སྐྱོང་མཆོག་ལ་ཕེབས་བསུའི་སྣེ་ལེན་ཞུས་གནས་སོང་ལ། སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་མི་རྣམས་ལ། ང་ཚོ་བོད་མདོ་དབུས་ཁམས་གསུམ་ཚང་མ་ཆོས་དང་རིག་གཞུང་སྐད་ཡིག་གཅིག་པའི་བོད་རིགས་གཅིག་པ་ཡིན་པས། བོད་མི་ནང་ཁུལ་ཆོལ་ཁ་དང་ཆོས་རྒྱུད་བར་གྱི་འཐེན་འཁྱེར་སྤང་སྟེ་ནང་ཁུལ་རྡོག་རྩ་ཆིག་སྒྲིལ་གནང་གལ་ཆེ་བ་དང་། སྤྱིར་བཏང་འཛམ་གླིང་གི་སྤྱི་ཚོགས་གང་དུ་ཡིན་ཀྱང་བསམ་ཚུལ་མི་མཐུན་པ་ཕྲན་བུ་ཡོང་བཞིན་ཡོད་པ་དང་། ལྷག་པར་དུ་མང་གཙོའི་སྤྱི་ཚོགས་ནང་འོས་བསྡུའི་སྐབས་བསམ་ཚུལ་མི་མཐུན་པ་འབྱུང་བཞིན་པ་ནི་ཆོས་ཉིད་ཡིན་པ་མ་ཟད། འོས་བསྡུའི་སྐབས་སོ་སོའི་འགོ་ཁྲིད་འདེམས་རྒྱུར་སོ་སོར་རང་དབང་ཆ་ཚང་ཡོད་དུས། སུ་གང་གཅིག་གིས་ཀྱང་བཙན་ཤེད་བྱེད་མི་ཐུབ་ལ་དེང་སྐབས་སྤྱི་ཚོགས་འདི་འཁྲུག་ཆ་དོད་པོ་ཡོད་དུས་སེམས་གུ་ཡངས་པོར་གནས་བའི་ཐོག་བོད་མི་ནང་ཁུལ་མཐུན་སྒྲིལ་བརྟན་པོ་བྱས་ནས་སྡོད་གལ་ཆེ་བ་དང་། ཁ་གཏད་གཙོ་བོ་རྒྱ་ནག་ཡིན་པ་ཤེས་དགོས་བ་གསུངས་གནང་སོང་།
གཞན་ཚེས་༦ཉིན་འདི་གའི་གསར་འགོད་པས་སྲིད་སྐྱོང་མཆོག་ལ་བཅར་འདྲིའི་སྐབས། སྲིད་སྐྱོང་མཆོག་གིས་ས་གནས་ཁག་ནང་འཚམས་གཟིགས་གནང་སྐབས། གཙོ་བོ་ས་གནས་ཀྱི་གནས་སྟངས་རྒྱུས་ལོན་དང་མཉམ་ས་གནས་མི་མང་ཚོར་༧གོང་ས་མཆོག་གི་སྐུ་ཁམས་གསལ་ཐང་ངང་སྐུ་ལྷོད་བཞུགས་གནང་བཞིན་ཡོད་པ་དང་། མང་ཚོགས་ཀྱི་ངོས་ནས་བོད་མི་ནང་ཁུལ་མཐུན་སྒྲིལ་དགོས་པའི་ཞེན་སྐུལ་གནང་བཞིན་ཡོད་པ་གསུང་གནང་བྱུང་། དེ་མིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་འདི་ཚེས་ ༨ཉིན་ཀོ་ལེ་གྷལ་དོན་གླིང་གཞིས་ཁུངས་ནང་ཡོད་པས་འཛུགས་བསྐྲུན་གྱི་ལས་གཞི་ཁག་ལེགས་གྲུབ་བྱུང་བ་དེ་དག་དབུ་འབྱེད་གནང་རྗེས་མང་ཚོགས་ལ་བཀའ་ཤག་གི་མཛད་བྱུས་དང་ཕྱག་ལས་གནང་ཕྱོགས་སོགས་ཀྱི་སྐོར་གསུང་བཤད་གནང་གི་ཡོད་པ་རེད།

Sikyong Penpa Tsering Kollegal Dhondeling1.jpg
འདི་ཚེས་༦ཉིན་གྱི་ཞོགས་པ་ནས། སྲིད་སྐྱོང་མཆོག་གིས་ཀོ་ལེ་གྷལ་གཞིས་ཁུངས་ཀྱི་རིས་མེད་དགོན་སྡེ་ཁག་ཏུ་ཆོས་མཇལ་གནང་ཞིང་། རིམ་པས་གྲོང་སྡེ་ཁག་དང་གཞིས་ཁུངས་དེའི་སྡེ་ཚན་འདྲ་མིན་གྱི་ནང་གཟིགས་སྐོར་གནང་བཞིན་པ་དང་། འདི་ཚེས་༨ཉིན་སྲིད་སྐྱོང་མཆོག་གིས་གཞིས་ཁུངས་འདིའི་ནང་ཡོད་པའི་རྒན་གསོ་ཁང་དང་མགྲོན་ཁང་། དེ་བཞིན་ཚོགས་ཁང་སོགས་འཛུགས་བསྐྲུན་གྱི་ལས་གཞི་ལེགས་གྲུབ་བྱུང་བ་དེ་དག་དབུ་འབྱེད་གནང་བའི་རྗེས་མི་མང་འདུ་འཛོམས་སར་བཀའ་ཤག་གི་ཕྱག་ལས་གནང་ཕྱོགས་དང་བོད་དོན་གཏམ་བཤད། དེ་བཞིན་མི་མང་གི་དྲི་བར་བཀའ་ལན་གནང་གི་ཡོད་པ་རེད།

གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎