ཐའེ་ལྦན་དང་ཨ་རིས་མཁའ་དམག་གནམ་གྲུའི་སྐོར་བཀའ་བསྡུར།

ཐའེ་ལྦན་དང་ཨ་མི་རི་ཀའི་དཔོན་རིགས་བར་F-16རྟགས་ཅན་གྱི་མཁའ་དམག་གནམ་གྲུ་ཚོང་བསྒྱུར་བྱ་རྒྱུར་བཀའ་བསྡུར་གནང་བཞིན་ཡོད་པ།

2010.02.23

༄༅༎ཨ་མི་རི་ཀས་ཐའེ་ལྦན་ལ་F-16རྟགས་ཅན་གྱི་མཁའ་དམག་གནམ་གྲུ་ཚོང་བསྒྱུར་བྱ་རྒྱུར་དུས་ཚོད་རིང་པོ་འགོར་འགྱངས་ཕྱིན་པའི་གནད་དོན་ཐོག་ཐའེ་ལྦན་དང་ཨ་མི་རི་ཀའི་དཔོན་རིགས་བར་མུ་མཐུད་བཀའ་བསྡུར་གནང་བཞིན་ཡོད་པའི་སྐོར་ཐའེ་ལྦན་གྱི་སྲིད་བློན་ནས་གསུང་ཡོད་པ་རེད།

དེ་རིང་རེས་གཟའ་མིག་དམར་ཉིན་ཐའེ་ལྦན་གྱི་སྲིད་བློན་སྐུ་ཞབས་ལྦུའུ་ཡིས། ཨ་མི་རི་ཀས་ཐའེ་ལྦན་ལ་F-16རྟགས་ཅན་གྱི་མཁའ་དམག་གནམ་གྲུ་ཚོང་གི་མིན་ཟེར་གསུང་མེད་པ་དང། ཨ་མི་རི་ཀས་མཁའ་དམག་གནམ་གྲུ་དེ་ང་ཚོར་ཚོང་བསྒྱུར་ཡོང་ཐབས་ལ་ང་ཚོ་ཕན་ཚུན་གྲོས་མོལ་བྱེད་བཞིན་པའི་སྒང་ཡིན་ཞིང། ཐའེ་ལྦན་ཕྱོགས་ནས་མཁའ་དམག་གནམ་གྲུ་དེ་ཚོང་བསྒྱུར་ཡོང་ཐབས་ལ་མཐའ་ཅིག་ཏུ་འབད་བརྩོན་བྱ་རྒྱུ་ལས་དུས་ནམ་ཡང་བློས་གཏོང་བྱ་རྒྱུ་མིན་ཞེས་གསུང་ཡོད་པའི་སྐོར། ཐའེ་ལྦན་དབུས་གསར་འགྱུར་ལས་ཁང་གིས་ལུང་འདྲེན་བྱས་ཡོད་པ་རེད། ད་དུང་སྲིད་བློན་ལྦུའུ་ཡི་ལས་ཁུངས་ནས་ཀྱང། ཁོང་གིས་བཀའ་མོལ་དེ་ནི་རེས་གཟའ་མིག་དམར་ཉིན་ཐའེ་ལྦན་གཞུང་འཛིན་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མིའི་ཚོགས་འདུའི་ཐོག་གསུང་པ་ཞིག་ཡིན་པ་ར་སྤྲོད་གནང་ཡོད་པ་རེད། ཐའེ་ལྦན་ཕྱོགས་ནས་ཨ་མི་རི་ཀ་ནས་ནུས་ཤུགས་ཆེ་བའི་F-16རྟགས་ཅན་གྱི་མཁའ་དམག་གནམ་གྲུ་གྲངས་༦༠ཐམ་པ་ཉོ་སྒྲུབ་བྱ་རྒྱུའི་རེ་འདུན་ཞུ་བཞིན་ཡོད་ཀྱང། རྒྱ་ནག་ཕྱོགས་ཀྱིས་སྐྱོན་བརྗོད་ལ་དོགས་འཛོན་གནང་སྟེ་ཨ་མི་རི་ཀས་ཐའེ་ལྦན་གྱི་རེ་འདུན་དུས་འགྱངས་གནང་བཞིན་ཡོད་པ་དང།

ཡིན་ནའང་ཨ་མི་རི་ཀའི་གསང་བའི་སྲུང་སྐྱོབ་ལས་ཁང་གིས་ཐའེ་ལྦན་གྱི་མཁའ་དམག་གནམ་གྲུ་ཚོད་རྩིས་བྱས་ན་གྲངས་བཞི་རྒྱ་ཙམ་དུས་ཚོད་དང་ལོ་མང་ཕྱིན་པའི་རྙིང་པ་གྱུར་བ་དང་བསྐྱར་དུ་བཟོ་བཅོས་རྒྱབ་དགོས་པ་སོགས་ཀྱིས་ལས་ཀ་བྱེད་མ་ཐུབ་པར་ངོས་འཛིན་བྱས་ཏེ། རྒྱ་ནག་ཕྱོགས་ནས་ཀི་ལོ་མི་ཊར་༡༦༠ཙམ་གྱི་མཚམས་སུ་ཡོད་པ་ཐའེ་ལྦན་གྱི་མཁའ་དམག་རྟེན་གཞི་དེ་བཞིན་སྲུང་སྐྱོབ་བྱ་དགོས་གལ་ཡིན་པ་མ་ཟད། རྒྱ་ནག་གི་དམག་དོན་ཡར་རྒྱས་དང་དེང་རབས་ཅན་དུ་འཕེལ་རྒྱས་འགྲོ་བཞིན་པ་དེ་ཡིས་ཐའེ་ལྦན་ཐོག་ལ་རྒྱ་ནག་གི་དྲག་པོའི་རྒོལ་རྡུང་འགོག་ཐབས་ཀྱི་ཆེད་དུ་ཐའེ་ལྦན་གྱི་དམག་དོན་རྒྱ་ནག་དང་ཆ་སྙོམས་པ་བཟོ་རྒྱུ་ནི་ཐའེ་ལྦན་གྱི་དམངས་གཙོ་སྲུང་སྐྱོབ་ཀྱི་དགོས་མཁོ་མེད་དུ་མི་རུང་པ་ཞིག་ཡིན་པ་ངོས་འཛིན་གནང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎