སྙིང་རྗེའི་སྐོར་གྱི་ལས་འཆར་དབུ་ཚུཌ
2011.05.18
༄༅༎གཟའ་མིག་དམར་ཉིན་ཨ་རིའི་མངའ་སྡེའི་ཨེ་པལ་ཀྲོན་(Appleton)གྲོང་ཁྱེར་ནང་ཡོད་པའི་རིག་རྩལ་ལྟེ་གནས་ཁང་དུ་མ་འོངས་ལོ་གཅིག་ནང་རི་མོ་སོགས་རིག་རྩལ་གྱི་ལམ་ནས་སྙིང་རྗེའི་སྐོར་གྱི་ལས་འཆར་ཞིག་དབུ་ཚུཌ་གནང་བའི་སྐོར་ས་གནས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་གནས་ཚུལ་སྤེལ་ཡོད་པ་དང་ ལས་འཆར་དེ་བཞིན་གྲོང་ཁྱེར་དེའི་ཤེས་ཡོན་ཐེབས་རྩ་ཞེས་པས་སྤེལ་བ་ཞིག་ཡིན་པ་དང་ ལས་འཆར་དབུ་འཛུགས་ཀྱི་མཛད་སྒོའི་ཐོག་གྲོང་ཁྱེར་སྤྱི་ཁྱབ་དང་ དེ་མིན་མི་སྣ་མང་པོ་ཞིག་ཕེབས་ཡོད་པ་དང་ དེ་བཞིན་སློབ་ཕྲུག་ཁྲི་གཅིག་ལྷག་ཙམ་ཀྱིས་རི་མོའི་ལམ་ནས་སྙིང་རྗེ་ཞེས་པ་དེ་གང་དྲ་ཞིག་ཡིན་མིན་ མཚོན་ཐབས་བྱས་ཡོད་པ་རེད་
ལས་འཆར་དེ་དབུ་འཛུགས་མཛད་སྒོའི་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་འཕྲིན་འཁོར་ཐག་བརྒྱུད་ནས་བཀའ་སློབ་སྩལ་ཡོད་ཅིང་ ༧གོང་ས་མཆོག་ནས་སྐུ་ཉིད་ཀྱི་གྲོགས་པོ་རི་ཆདྲ་དྲེ་ལྦིདྲ་སེན་(Richard Davidson)བརྒྱུད་ནས་རིག་རྩལ་ལྟེ་་གནས་ཁང་ནང་སྙིང་རྗེ་དང་འབྲེལ་བའི་སྐོར་གྱི་ལས་འཆར་ཞིག་སྤེལ་གྱི་ཡོད་པ་མཁྱེན་རྟོགས་བྱུང་བར་ ཐུགས་ཧ་ཅང་དགྱེས་པོ་བྱུང་བ་དང་ སྤྱི་ཚོགས་ནང་སྙིང་རྗེ་དང་ཀུན་སྤྱོད་བཟང་པོ་བྱེད་མཁན་གྱི་མི་ག་ཚོད་ཀྱིས་མང་བ་ཡོད་པ་དེ་རྩིས་ཀྱིས་སྤྱི་ཚོགས་དེ་བཞིན་འཆམ་མཐུན་གྱི་རྣམ་པ་བཟང་པོ་ཞིག་ཡོང་རྒྱུ་ཡིན་པ་དང་ མི་ཚེའི་ནང་དཀའ་ངལ་མང་པོ་ཞིག་འཕྲད་ཀྱང་ ཆོས་ལུགས་ཀྱི་རྟེན་གཞི་ཞིག་ཡོད་ཚེ་ དཀའ་ངལ་དེ་དག་སེལ་རྒྱུར་སེམས་ནང་གི་སྡུག་བསྔལ་ཆུང་དུ་འགྲོ་རྒྱུ་མ་ཟད་ སོ་སོའི་མི་ཚེ་དེ་ཡང་དགའ་སྐྱིད་ལྡན་པ་ཞིག་སྐྱེལ་ཐུབ་རྒྱུ་ཡིན་ཞིང་ ཕྱིའི་དངོས་པོས་ཕྱིའི་འཚོ་བ་དེ་དགའ་སྐྱིད་ཅིག་སྐྱེལ་ཐུབ་ཀྱི་ཡོད་ན་ཡང་ སེམས་པའི་བདེ་བ་དེ་ནི་སྙིང་རྗེ་ཁོ་ནར་རྟེན་དགོས་ཀྱི་ཡོད་པས་ ད་རེས་ཁྱེད་ཚོས་ལས་འཆར་དེ་འདྲ་ཞིག་སྤེལ་ཐུབ་པ་དེ་ནི་མིའི་མི་ཚེར་ཧ་ཅང་གི་བྱ་བ་བཟང་པོ་ཞིག་སྒྲུབ་པར་ངོས་འཛིན་བྱེད་ཀྱི་ཡོད་སོགས་བཀའ་སློབ་སྩལ་འདུག ལས་འཆར་དེའི་འགན་འཛིན་ཇུ་ལི་ཀ་རོ་སེ་(Julie Krause)ཡིས་གསུང་ན་རིག་གཅིག་རྐང་འཛིན་པ་མང་པོས་སྙིང་རྗེའི་སྐོར་མང་པོ་ཞིག་ཉམས་ཞིབ་བྱེད་ཀྱི་ཡོད་པ་དང་ དེ་ཚོའི་ནང་སྙིང་རྗེའི་སེམས་པ་བཅངས་ཐུབ་ཚེ་ དེས་མིའི་སེམས་དང་ལུས་གཉིས་ཀ་བདེ་ཐང་ཡོང་རྒྱུར་ཕན་ཐོགས་ཡོད་པ་ཤེས་རྟོགས་ཡོད་པར་བརྟེན་ནས་ ད་རེས་ཨེ་པལ་ཀྲོན་གྲོང་ཁྱེར་གྱི་ཤེས་ཡོན་ཐེབས་རྩ་ཁང་གིས་རི་མོའི་ལམ་ནས་སྙིང་རྗེ་མཚོན་ཐབས་ཀྱི་ལས་འཆར་དེ་སྤེལ་བ་ཞིག་ཡིན་པ་གསུང་འདུག་