༸གོང་ས་མཆོག་གིས་དྲི་བ་༢༥༠ལ་བཀའ་ལན་གནང་རྒྱུ།

༧གོང་ས་མཆོག་ནས་ཀྲུ་ལྦི་ཀྲར་འབྲེལ་ལམ་དྲ་རྒྱའི་ཐོག་རྒྱ་རིགས་དྲ་རྒྱ་ལོངས་སུ་སྤྱོད་མཁན་ཚོའི་དྲི་བར་བཀའ་ལན་གནང་རྒྱུ་ཡིན་པ་རེད།

2010.05.21

༄༅༎དེ་རིང་གཟའ་པ་སངས་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཀྲུ་ལྦི་ཀྲར་འབྲེལ་ལམ་དྲ་རྒྱའི་ཐོག་རྒྱ་རིགས་དྲ་རྒྱ་ལོངས་སུ་སྤྱོད་མཁན་ཚོའི་དྲི་བར་བཀའ་ལན་གནང་རྒྱུ་ཡིན་པ་རེད།

ཀྲུ་ལྦི་ཀྲར་དང་ཕེ་སི་སྦུཀ་ལ་སོགས་པ་འདི་དག་ནི་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་རྒྱའི་འཕྲུལ་ལས་ཤིག་ཡིན་ཞིང་དེ་སུས་ཀྱང་ལོངས་སུ་སྤྱོད་ཐུབ་པ་ཞིག་ཡིན་ཡང་ ལོངས་སུ་སྤྱོད་པ་པོའི་མི་དེས་དྲ་རྒྱ་དེ་དང་དེའི་ཐོག་དེབ་སྐྱེལ་ཁ་བྱང་ཞིག་དགོས་ཀྱི་ཡོད་པ་རེད།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་གཟའ་པ་སངས་ཀྱི་འཛམ་གླིང་གཅིག་འགྱུར་གྱི་ཆུ་ཚོད་༡༢ཐོག་རྒྱ་རིགས་རྩོམ་པ་པོ་གྲགས་ཅན་ལྦང་ལི་ཤུན་གྱི་ཀྲུ་ལྦི་ཀྲར་འབྲེལ་མཐུད་དྲ་རྒྱའི་ཁ་བྱང་བརྒྱུད་དུས་ཡུན་ཆུ་ཚོད་གཅིག་ཙམ་རིང་ཁྱོན་བསྡོམས་དྲི་བ་མི་འདྲ་བ་༢༥༠ཙམ་ལ་བཀའ་ལན་གནང་རྒྱུ་ཡིན་པ་ལྦང་ལི་ཤུན་གྱིས་གསལ་བཤད་གནང་འདུག།

ཀྲུ་ལྦི་ཀྲར་དྲ་རྒྱ་འདི་རྒྱ་ནག་ནང་བཀག་སྡོམས་བྱེད་ཀྱི་ཡོད་ཀྱང་བརྒྱུད་ལམ་གསུམ་པ་ཞིག་གི་ཐོག་ནས་རྒྱ་ནག་ནང་གི་དྲ་རྒྱ་ལོངས་སུ་སྤྱོད་པ་པོ་ཚོས་འབྲེལ་མཐུད་དྲ་རྒྱ་འདི་བལྟ་ཐུབ་ཀྱི་ཡོད་པ་རེད།

དྲ་རྒྱའི་ཐོག་གི་དྲི་བ་༢༥༠ཐམ་པ་དེ་དག་རྒྱ་ནག་སྐམ་ས་ཆེན་པོའི་ནང་གི་དྲ་རྒྱ་ལོངས་སུ་སྤྱོད་མཁན་༡༡༠༠ཙམ་གྱིས་བཏང་པའི་དྲི་བ་ཁག་ནས་འདེམས་སྒྲུག་བྱས་པ་ཞིག་ཡིན་པ་དང་ དེ་ཡང་དྲ་རྒྱ་ལོངས་སུ་སྤྱོད་མཁན་མི་ཆིག་ཁྲི་ཉི་སྟོང་ཙམ་གྱིས་དྲི་བ་དྲག་འདེམས་ཀྱིས་རྩེ་ཕུད་བྱས་པ་ཤ་སྟག་ཡིན་ཞིང་ རྒྱ་ནག་གཞུང་གིས་དྲི་བ་དེ་དག་འདེམས་སྒྲུག་བྱ་ཡུལ་གུའུ་གལ་གྱི་དྲ་རྒྱའི་ལམ་བུ་དེ་གཟའ་ཕུར་བུ་ནས་བཀག་སྡོམས་བྱས་ཡོད་པ་ ཨ་མི་རི་ཀའི་ནང་རྟེན་གཞི་བྱེད་པའི་རྒྱ་ནག་གློག་ལས་དུས་བབས་ཞེས་པའི་དྲ་རྒྱའི་གསར་ལས་ཁང་གི་འགན་འཛིན་ཞའོ་ཅང་གིས་བརྗོད་འདུག།

ཀྲུ་ལྦི་ཀྲར་འབྲེལ་མཐུད་དྲ་རྒྱའི་ཁ་བྱང་ཡོད་མཁན་རྒྱ་རིགས་ཁྱོན་བསྡོམས་ཆིག་འབུམ་ལྔ་ཁྲི་ཙམ་ཡོད་པའི་ཁོངས་ནས་ ཆིག་འབུམ་ཙམ་རྒྱ་ནག་སྐམ་ས་ཆེན་པོ་རང་གི་ནང་གནས་སྡོད་བྱེད་མཁན་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་རིགས་དྲ་རྒྱ་ལོངས་སུ་སྤྱོད་མཁན་རྣམས་དང་དྲ་རྒྱ་བརྒྱུད་ཐད་ཀར་འབྲེལ་མཐུད་གནང་པ་ནི་ད་རེས་ཐོག་མ་དེ་ཡིན་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎