༸གོང་ས་མཆོག་ཁེ་ན་ཌར་ཆིབས་བསྒྱུར་གནང་འཆར་ཡོད་པ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁེ་ན་ཌའི་མོན་ཀྲེ་རེལ་ཁུལ་ཆིབས་བསྒྱུར་གནང་འཆར་ཡོད་འདུག

2011.09.04

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་བདུན་ཉིན་ཁེ་ན་ཌའི་མོན་ཀྲེ་རལ་མངའ་ཁུལ་དུ་ཆིབས་བསྒྱུར་གནང་གི་ཡོད་པ་དང་། མཛད་འཆར་གཞིར་བཟུང་ལྟར་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་བསྐྱངས་གནང་རྒྱུའི་དགུ་བཅུ་གཅིག་གི་རྗེས་སུ་རྒྱལ་སྤྱིའི་ནང་གི་ཆོས་ཕྱོགས་ཀྱི་འགྱུར་གྲོས་ཅེས་པའི་གནད་དོན་ཐོག་ལྷན་ཚོགས་ཀྱི་གསུངས་བཤད་གནང་མཁན་གཙོ་བོ་དེ་ཡིན་འདུག ལྷན་ཚོགས་དེ་བཞིན་ཁེ་ན་ཌའི་ནང་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་དང་། ཁེ་ན་ཌའི་ནང་ཡོད་པའི་ཏཱ་ལའི་བླ་མའི་ཞི་བདེའི་ལྟེ་གནས་ཁང་བཅས་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། ལྷན་ཚོགས་ནང་མཉམ་ཞུགས་གནང་མཁན་ཁོངས་སུ་ནོ་བལ་ཞི་བདེའི་གཟེངས་རྟགས་བཞེས་གནང་མཁན་ཁག་ཅིག་དང་། རྒྱ་གར་གྱི་ཆོས་ཕྱོགས་ཀྱི་མཁས་དབང༌། རྩོམ་པ་པོ་བཅས་གནད་ཡོད་མི་སྣ་འགའ་ཤས་ཡོད་འདུག དེ་དང་ཕྱོགས་མཚུངས་ཉིན་དེའི་མཛད་འཆར་ཁོངས་སུ་ཉིན་རྒྱབ་མང་ཚོགས་ལ་འཛམ་གླིང་ཀུན་ཁྱབ་ཀྱི་འགན་འཁུར་གང་ཟག་རེ་རེའི་ཐོག་ནས་འཁྱེར་ཕྱོགས་ཅེས་པའི་བརྗོད་གཞིའི་ཐོག་གསུངས་བཤད་གནང་གི་ཡོད་འདུག མང་ཚོགས་ཀྱི་གསུངས་བཤད་ཀྱི་མཛད་འཆར་གོ་སྒྲིག་ཞུ་མཁན་ཁུལ་དེར་ཡོད་པའི་ཁེ་བོད་མཐུན་ཚོགས་ཡིན་པ་རེད།

དེ་ནས་མཛད་འཆར་གཞིར་བཟུང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མེཀ་སི་ཀོའི་ནང་ཆིབས་བསྒྱུར་གནང་གི་ཡོད་པ་དང་། མོན་ཀྲེ་རེལ་ཞེས་པའི་ས་གནས་སུ་མཛད་འཆར་ཁོངས་སུ་རྒྱལ་སྤྱིའི་འགྲོ་བ་མིའི་བཟང་སྤྱོད་དང་། ཁྲིམས་ཀྱི་ལམ་ལུགས་ཀྱི་གནད་དོན་ཐོག་ལྷན་ཚོགས་ཐེངས་གསུམ་པའི་ཐོག་བྱམས་པ་དང་བརྩེ་བའི་སྐོར་གསུངས་བཤད་གནང་གི་ཡོད་པ་མ་ཟད་ཡུལ་དེའི་རྒྱལ་སའི་ནང་ཆིབས་བསྒྱུར་གྱིས་ཆོས་འབྲེལ་དང་། མང་ཚོགས་ལ་གསུངས་བཤད་གནང་རྒྱུའི་མཛད་རིམ་ཡང་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎