གུ་གལ་བོད་ཀྱི་ས་ཁྲའི་ནང་བོད་ཡིག་བྲིས་དགོས།

རྒྱལ་མཆོག་སྐུ་ཕྲེང་༡༣པ་ཆེན་པོ་མཆོག་གིས་བོད་རང་བཙན་གྱི་གསལ་བསྒྲགས་མཛད་ནས་ལོ་༡༠༠འཁོར་བའི་དུས་ཆེན་སྲུང་བརྩིའི་དུས་བཟང་དང་བསྟུན། གུ་གལ་གྱི་ཁྲ་སྟེང་བོད་ཀྱི་ས་ཆ་ཁག་བོད་ཡིག་ཐོག་བྲིས་དགོས་པའི་ཛ་དྲག་གི་འབོད་སྐུལ་གནང་འདུག

2013.02.12
གུ་གལ་བོད་ཀྱི་ས་ཁྲའི་ནང་བོད་ཡིག་བྲིས་དགོས། གུ་གལ་བོད་ཀྱི་ས་ཁྲའི་ནང་བོད་ཡིག་བྲིས་དགོས།
Photo: RFA

༄༅།    །Google དྲ་རྒྱའི་གཙོ་འཛིན་Eric Schmidt ཡིས་འཛམ་གླིང་ནང་ནས་རྒྱ་ནག་ནི།    གནས་འཕྲིན་དྲ་རྒྱར་གནོད་སྐྱོན་ཚབས་ཆེ་ཤོས་གཏོང་མཁན་ཡིན་ལུགས་ཁོང་གིས་བརྩམས་པའི་དཔེ་དེབ་གསར་པའི་ནང་བཀོད་ཡོད་སྟབས། ཡོ་རོབ་ནང་གི་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱིས་རྒྱལ་མཆོག་སྐུ་ཕྲེང་༡༣པ་ཆེན་པོ་མཆོག་གིས་བོད་རང་བཙན་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་ནས་ལོ་༡༠༠འཁོར་བའི་དུས་ཆེན་སྲུང་བརྩིའི་དུས་བཟང་འདིར་Google གྱིས་འཛམ་གླིང་གི་ས་ཁྲའི་སྟེང་བོད་ཀྱི་ས་ཆ་མིང་ཁག་དབྱིན་ཡིག་དང་རྒྱ་ཡིག་ཙམ་མ་ཡིན་པར་བོད་ཡིག་ཐོག་བྲིས་དགོས་པའི་ཛ་དྲག་གི་འབོད་སྐུལ་གནང་འདུག དེའི་རྒྱུ་མཚན་གཙོ་བོ་ནི།    བོད་ཀྱི་རྩ་ཆེའི་གནའ་བོའི་རིག་གཞུང་གི་ཤུལ་ལུས་ཁག་རྩ་བརླགས་མི་འགྲོ་བའི་སླད་དུ་ཡིན་པ་དང་ལས་འགུལ་དེ་ད་རིང་དངོས་སུ་གསལ་བསྒྲགས་གནང་འདུག    དེས་མ་ཚད།    www.tibetonmap.com ཞེས་པའི་ལྡིང་ཆ་ཡང་བསྐྲུན་གནང་འདུག  གོང་ཞུས་ལས་འགུལ་ལ་རྒྱབ་སྐྱོར་གནང་མཁན་ཨ་རིའི་Hollywood གློག་བརྙན་ཁྲབ་སྟོན་པ་དབྱངས་འཛོམས་Brauen ལགས་དང་འཛམ་གླིང་ཁྱོན་ཡོངས་ལ་ཡོད་པའི་བོད་མིའི་སྤྱི་མཐུན་ཚོགས་པ་ཁག་ཡིན་འདུག དབྱངས་འཛོམས་Brauen ལགས་ཀྱིས་ང་ཚོའི་བོད་ཀྱི་སྐད་དང་ཡི་གེ ཆོས་དང་རིག་གཞུང་ཁག་ཉིན་མ་རེ་རེ་བཞིན་ཉམས་རྒུད་འགྲོ་བཞིན་ཡོད་སྐོར་དང་། གལ་ཏེ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་རྩ་བརླག་ཕྱིན་ཚེ་དེ་ནི་བོད་མི་ཚོར་གྱོང་གུན་ཆེན་པོ་ཞིག་དང་ནང་པའི་རིག་གཞུང་ལ་གྱོང་གུན་ཆེན་པོ་འཕོག་པའི་ཡིད་སྐྱོའི་གནས་ཚུལ་ཆགས་རྒྱུ་ཡིན་སྐོར་ཡང་གསུངས་ཡོད་པའི་གནས་ཚུལ་འདུག།


བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎