བློ་བཟང་རྒྱལ་མཚན་དང་སྦས་གསང་མེད་པའི་སྒོ་ནས་གླེང་མོལ།


2014.12.03
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་དང་ཨ་མི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་རྣམ་གཉིས་ཨ་རིའི་རྒྱལ་སར། ༢༠༡༤།༣།༥ རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་དང་ཨ་མི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་རྣམ་གཉིས་ཨ་རིའི་རྒྱལ་སར། ༢༠༡༤།༣།༥
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། ཀླུ་འབུམ།

བོད་རང་སྐྱོང་ལྗོངས་ཞེས་བའི་ལྟ་སྐོར་ཚོཊ་པ་དང་སྦས་གསང་མེད་པའི་སྒོ་ནས་ཕན་ཚུན་གླེང་མོལ་ཡག་པོ་ཞིག་གནང་དགོས་པའི་འབོད་སྐུལ་ཞུས་འདུག
དེ་ཡང་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་ནང་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རིའི་གཞུང་གི་གྲོས་ཚོགས་དང་། འབྲེལ་ཡོད་གཞུང་འབྲེལ་ལྷན་ཁང་ལ་ད་རེས་རྒྱ་ནག་གཞུང་གི་བོད་རང་སྐྱོང་ལྗོངས་ཞེས་བའི་ལྟ་སྐོར་ཚོགས་པའི་ཚོགས་གཙོ་བློ་བཟང་རྒྱལ་མཚན་གྱིས་འགོ་ཁྲིད་པའི་བལྟ་སྐོར་ཚོགས་པ་དེ་ཨ་རིའི་རྒྱལ་སར་སླེབས་རྒྱུའི་གོ་སྐབས་འདི་ལེན་ནས་བོད་ཀྱི་དངོས་ཡོད་གནས་སྟངས་གང་ཡིན་མིན་དང་། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་སོགས་ཀྱི་སྐོར་སྦས་གསང་མེད་པའི་སྒོ་ནས་ཕན་ཚུན་གླེང་མོལ་ཡག་པོ་ཞིག་གནང་དགོས་པའི་འབོད་སྐུལ་ཞུས་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་Matteo Mecacciགིས་གསུང་དོན། ད་རེས་རྒྱ་ནག་གཞུང་ཕྱོགས་ནས་བོད་རང་སྐྱོང་ལྗོངས་ཀྱི་ལྟ་སྐོར་ཚོགས་པ་ཞིག་ཨ་རིར་ཆེད་གཏོང་བྱས་ཏེ་བོད་ཀྱི་གནས་སྟངས་ཞི་འཇམ་ཡིན་ལུགས་དང་། བོད་མི་རྣམས་བདེ་སྐྱིད་ཀྱི་འཚོ་བ་སྤྱོད་བཞིན་ཡོད་ལུགས་སོགས་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་དེར་ཞིབ་དཔྱད་ནན་པོ་གནང་དགོས་པའི་སྐོར་དང་། དོན་དངོས་རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་སྲིད་བྱུས་གང་ཡིན་མིན་ནི་ད་ཕན་བོད་མི་༡༣༠་ལྷག་གིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་མཚོན་ཆེད་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཞབས་སོར་ཕྱིར་ཕེབས་དགོས་རྒྱུ་སོགས་ཀྱི་རེ་སྨོན་རྒྱབ་ཏེ་རང་ལུས་མེར་བསྲེགས་བཏང་ཡོད་པ་ཞིག་རེད། དེར་རྒྱ་ནག་གཞུང་ཕྱོགས་ནས་ལྡོག་ལན་དུ་བོད་ནང་དྲག་པོའི་དམག་མི་རྒྱ་བསྐྱེད་བཏང་བ་དང་། ༧གོིང་ས་༧སྐྱབས་མགོན་ཆེན་པོར་མཚན་དམས་ཞུས་ཏེ་ཁ་བྲལ་རིང་ལུགས་པ་རེད་ཅེས་བཤད་པའི་གནས་ཚུལ་དེ་
ཚོ་དངོས་ཡོད་དང་མ་མཚུངས་པ་ཞིག་ཡིན་པས་དེ་ལྟར་ན་ད་རེས་བོད་ནས་ཡོང་མཁན་གྱི་ལྟ་སྐོར་ཚོགས་པ་དེར་གནད་དོན་དེ་ཚོ་གསལ་བཏོན་གནང་དགོས་པའི་སྐོར་འབོད་སྐུལ་ཞུས་འདུག

གསར་འགོད་པ་བསྟན་ནོར།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎