རང་དབང་ལུང་བར་ཡོད་པའི་བོད་མི་ཚོར་དམིཊ་བསལ་འགན་ཡོད།


2016.08.08
༧གོང་ས་མཆོག་རྒྱ་གར་ལ་དྭགས་སུ། ༢༠༡༦།༨།༧ ༧གོང་ས་མཆོག་རྒྱ་གར་ལ་དྭགས་སུ། ༢༠༡༦།༨།༧
OHHDL

༧གོང་ས་མཆོག་གིས་གཞིས་ལུས་བོད་མི་ཚོའི་སེམས་ནང་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་གཡོ་བ་མེད་པར་གནས་ཐུབ་ཡོད་པ་གསུངས་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལ་དྭགས་སུ་ས་གནས་བོད་རིགས་ཚོར། རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་དེ་འདྲ་ཞིག་གི་འོག་ཏུའང་གཞིས་ལུས་བོད་མི་ཚོའི་སེམས་ནང་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་གཡོ་བ་མེད་པར་གནས་ཐུབ་ཡོད་པ་རེད་ཅེས་བཀའ་སློབ་གནང་འདུག
དེ་ཡང་ཕྱི་ཚེས་༧་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་བོད་ཕྲུག་ཁྱིམ་སྡེར་ཞབས་སོར་འཁོད་སྐབས། ལ་དྭགས་བོད་ཁྱིམ་ནང་གོ་སྒྲིག་གནང་བའི་མཛད་སྒོའི་ཐོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རིགས་ནི་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་པའི་མི་རིགས་ཤིག་ཡིན་པ་དང་། མི་རིགས་ཀྱི་རྣམ་པ་མཚོན་ཆེད་གཙོ་ཆེ་ཤོས་སྐད་ཡིག་ཡིན་པ་བཀའ་གནང་ཡོད་པ་དང་། རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་དེ་འདྲ་ཞིག་གི་འོག་ཏུའང་གཞིས་ལུས་བོད་མི་ཚོའི་སེམས་ནང་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་གཡོ་བ་མེད་པར་གནས་ཐུབ་ཡོད་པ་བྱུང་ཡོད་པར་བརྟེན་ང་ཚོ་རང་དབང་ལུང་པར་ཡོད་པའི་བོད་མི་ཚོས་གཞིས་ལུས་བོད་མི་རྣམས་ཀྱི་ཚབ་ཞུས་ཏེ་བོད་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་དེ་དག་བཟུང་རྒྱུའི་ཐད་དམིགས་བསལ་གྱི་འགན་ཞིག་ཡོད་སྐོར་སོགས་ཀྱི་བཀའ་སློབ་སྩལ་ཡོད་འདུག
སྐབས་དེར་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གི་དབུས་པའི་ས་གནས་ལ་འཚམས་གཟིགས་སུ་ཕེབས་པའི་སྤྱི་འཐུས་རྣམ་པ་གཉིས་དང་། ལ་སྤྱི། སློབ་གྲྭའི་དབུ་འཛིན། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། མཉམ་སྦྲེལ་ཚོགས་གཙོ་སོགས་བོད་པའི་ལས་སྣེ་ཁག་གཅིག་དང་། མངའ་སྡེའི་གྲོས་ཚོགས་འཐུས་མི། ལ་དྭགས་རི་ལྗོངས་ཡར་རྒྱས་ཚོགས་པའི་ཚོགས་གཙོ། ལ་དྭགས་ནང་པའི་ཚོགས་པའི་ཚོགས་གཙོ་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་འདུག།

གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎