ལོ་གསར་སྐབས་ལྷ་སར་དམ་བསྒྲགས་བྱས་ཡོད་པ།

རྒྱ་གཞུང་གིས་ལོ་སར་སྐབས་ལྷ་སར་དམག་མི་མང་པོ་འགྲེམས་འཇོག་གིས་ཆོས་མཇལ་བར་དཀའ་ངལ་འཕར་མ་སྤྲད་ཡོད་པའི་གནས་ཚུལ།

2013.02.11
ལོ་གསར་སྐབས་ལྷ་སར་དམ་བསྒྲགས་བྱས་ཡོད་པ། ལོ་གསར་སྐབས་ལྷ་སར་དམ་བསྒྲགས་བྱས་ཡོད་པ།
བོད་ནས་བཏང་བ།

༄༅༎དེ་རིང་བོད་ཚེས་གཅིག་ཉིན་བོད་ནས་འདྲ་པར་དང་བཅས་གནས་ཚུལ་འབྱོར་བ་ལྟར་ན། ལྷ་སར་ལོ་སར་ཚེས་གཅིག་ཉིན་བོད་མི་ཆོས་མཇལ་བ་མང་པོ་བྱུང་བར་བརྟེན། དཔལ་ལྡན་རྒྱུད་སྟོང་གྲྭ་ཚང་དུ་ཆོས་མཇལ་ཞུ་མཁན་ཚོད་འཛིན་བྱས་ཏེ་ར་མོ་ཆེ་ཡི་འདུ་ཁང་སྒོ་རྒྱབ་པ་དང་། གྲོང་ཁྱེར་ཡོངས་སུ་ཉེན་རྟོག་དམག་མི་མང་པོས་དེང་རབས་ཀྱི་གོ་མཚོན་ཐོགས་བཞིན་དམ་དྲག་སྐོར་གཡེང་བྱས་ནས་ཆོས་མཇལ་བར་དཀའ་ངལ་འཕར་མ་སྤྲད་འདུག།

༢༠༠༨ལོའི་གོང་་ཡིན་ན་བོད་ཀྱི་ལོ་གསར་སྐབས་ལྷ་སའི་གཙུག་ལག་ཁང་དང་ར་མོ་ཆེ་སོགས་གནམ་གང་གི་དགོང་དྲོ་ཆུ་ཚོད་བཅུ་བ་ནས་ཚེས་གཅིག་ཉིན་གྱི་ཕྱི་དྲོ་བར་ཆོས་མཇལ་བ་མ་ཚར་བར་དུ་ཆོས་མཇལ་ལ་གཏོང་གི་ཡོད་ཀྱང་། ད་ལོ་གཙུག་ལག་ཁང་དང་ར་མོ་ཆེ་སོགས་གནམ་གང་ཉིན་གྱི་དགུང་དྲོ་ས་གནས་ཕྱི་ཚོད་༩་པ་ནས་སྒོ་ཕྱེ་ཡོད་ཀྱང་། ཆོས་མཇལ་བ་ཧ་ཅང་མང་པོ་བྱུང་བར་བརྟེན་ཆོས་མཇལ་ཞུ་མ་ཚར་གོང་ཕྱི་དྲོ་ས་གནས་ཀྱི་ཆུ་ཚོད་༣ དང་སྐར་༣༠་ཐོག་རྒྱ་གཞུང་གི་དམག་མིས་ར་མོ་ཆེ་ཡི་འདུ་ཁང་སྒོ་རྒྱབ་སྟེ་མི་མང་ལ་མཇལ་ཁ་ཞུ་རུ་མ་བཅུག་པར་མི་མང་རྣམས་བློ་ཕམ་གྱི་གནས་སུ་གྱུར་ཡོད་འདུག མུ་མཐུད་དམག་མི་རྣམས་དང་ཉེན་རྟོག་པ་ཕོན་ཆེན་པོས་ར་མོ་ཆེ་ཡི་སྟེང་འོག་བར་གསུམ་གྱི་སྒོ་ཁ་དང་ཆོས་ར་སོགས་ལ་སྐོར་སྲུང་བྱས་ནས་མི་མང་ཀྱི་ཆོས་དད་ལ་ཚོད་འཛིན་ནན་མོར་བྱས་ཡོད་འདུག


དེ་བཞིན་དུ་གཙུག་ལག་ཁང་དུ་ཡང་ཆོས་མཇལ་ཞུ་མ་ཚར་གོང་ནས་གཙུག་ལག་ཁང་སྒོ་རྒྱབ་ཡོད་པ་མ་ཟད། གཙུག་ལག་ཁང་གི་གཡས་གཡོན་དང་བར་སྐོར་སོགས་སུ་དེང་དུས་ཀྱི་གོ་མཚོན་ཐོགས་པའི་དམག་མི་དང་ཉེན་རྟོགས་པ་སོགས་གང་སར་འགྲེམས་འཇོག་བྱེད་ཡོད་པ་དང་པར་ལེན་འཕྲུལ་ཆས་གང་སར་བཙུགས་ཡོད་འདུག དེང་སྐབས་བོད་ཀྱི་ལྷ་སའི་གཙུག་ལག་ཁང་དང་ལྷ་སའི་འདུ་ཁང་ཡོངས་རྗོགས་ཀྱི་དབང་ཆ་ཡོངས་རྫོགས་རྒྱ་གཞུང་གིས་དམག་མི་དང་འབྲེལ་ཡོད་ལས་བྱེད་པས་སྟངས་འཛིན་འོག་ཏུ་ཡོད་པས་དགོན་པའི་གྲྭ་བ་རྣམས་ལ་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་རྒྱུར་རང་དབང་མེད་ན་ཡང། ད་ལོར་བོད་མི་ཚོས་མངོན་གསལ་དོད་པོས་ཆོས་དང་དཀར་ཕྱོགས་ལས་ལ་འཇུག་ནས་ལོ་སར་སྲུང་བརྩི་བྱེད་བཞིན་པ་རེད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎