བོད་རང་བཙན་སློབ་ཕྲུག་ཚོགས་པས་བོད་དོན་ལས་འགུལ་སྤེལ་བ།
2009.05.09
༄༅༎བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་ཀྲི་སྦེཏ་ཁ་ས་ཊམ་ཞེས་པའི་གནས་འཕྲིན་དྲ་རྒྱའི་ཐོག་ལ་ཁས་ཉིན་གཟའ་པ་སངས་ཉིན་སྤེལ་བའི་གནས་ཚུལ་ལྟར་ན་སྔ་ལོའི་ཕྱི་ཟླ་གསུམ་པའི་ནང་བོད་ཀྱི་རྒྱལ་སའི་ནང་རྒྱ་ནག་གཞུང་ལ་ཞི་རྒོལ་བྱེད་མཁན་ཁོངས་སུ་མཉམ་ཞུགས་བྱས་ཡོད་ལུགས་ཀྱི་ནག་ཉེས་བཙུགས་ཤིང་རྒྱ་ནག་གི་ཁྲིམས་ཁང་གིས་སྲོག་ཐོག་ཉེས་ཆད་དགལ་རྒྱུའི་ཁྲིམས་ཐག་བཅད་པའི་བོད་མི་བློ་བཟང་རྒྱལ་མཚན་དང་ལོ་ཡག་གཉིས་སྲོག་ཐོག་ཉེས་ཆད་ལས་སྐྱོབ་ཐབས་སུ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཨ་ནི་ངག་དབང་སངས་སྒྲོལ་ལགས་ཀྱིས་ལས་འགུལ་ཞིག་རྩོམ་བཞིན་ཡོད་པ་རེད།
བློ་བཟང་རྒྱལ་མཚན་ད་ལོ་ཡག་གཉིས་པོར་སྲོག་ཐོག་ཉེས་ཆད་དགལ་རྒྱུའི་ཁྲིམས་ཐག་བཅད་པ་ནང་བཞིན་བསྟན་འཛིན་ཕུན་ཚོགས་ལགས་དང་སྤེན་སྐྱིད་ལགས་ལ་ལོ་གཉིས་རིང་སྲོག་ཐོག་ཉེས་ཆད་གཏང་རྒྱུའི་བཀའ་འགྱངས་བཏང་བ་དང་ཟླ་བ་བཟང་པོ་ལགས་དང་སྤེན་སྐྱིད་བཅས་པར་ཚེ་བཙོན་ད་འཆི་མེད་ལྷ་མོ་ལགས་སུ་ལོ་བཅུའི་རིང་བཙོན་འཇུག་ཉེས་ཆད་བཀལ་ཡོད་པ་རེད། བོད་ཀྱི་ཆབ་སྲིད་བཙོན་ཟུར་ཨ་ནི་ངག་དབང་སངས་སྒྲོལ་ལགས་ཀྱིས་རང་ཉིད་གྲ་བཞི་བཙོན་ཁང་ནང་ནས་བཙོན་གྲོལ་ཐོབ་པའི་རྒྱབ་ལྗོངས་ཀྱི་གནས་ཚུལ་དང་ཉམས་མྱོང་གཞིར་བཞག་སྟེ་གོང་གསལ་བོད་མི་དེ་དག་ཡང་སྲོག་ཉེས་དང་ཚེ་བཙོན་འོག་ནས་རང་དབང་འཐོབ་པའི་ཆེད་དུ་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་རྒྱ་ནག་གཞུང་གི་ཐོག་ལ་གནོན་ཤུགས་སྤྲོད་རྒྱུ་དེ་ནུས་ཕན་ལྡན་པ་ཡིན་པ་ད་ཆ་ཕྱག་ལེན་དངོས་སུ་བསྟར་བཞིན་ཡིན་པ་རེད༎