ཧོང་ཀོང་དུ་རྒྱ་ནག་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་ངོ་རྒོལ།

ཧོང་ཀོང་ས་གནས་སྲིད་གཞུང་གིས་འཛིན་སྐྱོང་བ་ལེ་ཁྲུན་ཡིང་དམ་འབུལ་མཛད་སྒོའི་དབུ་བཞུགས་སུ་སྲིད་འཛིན་ཧུ་ཅིན་ཏའོ་ཕེབས་ཡོད་ཅིང་། ཡུལ་མི་ཞིག་གིས་གུང་གྲན་ཏང་དང་གཅིག་སྡུད་དབང་བསྒྱུར་མཇུག་སྒྲིལ་དགོས་པའི་སྐད་འབོད་བྱེད་སྐབས་ཉེན་རྟོག་པ་བཅུ་ཙམ་གྱིས་དེ་མ་ཐག་ཏུ་ངོ་རྒོལ་བ་ཕྱིར་འབུད་བཏང་འདུག

2012.07.02

ཚོགས་ཁང་གི་ཕྱི་ཕྱོགས་སུ་ངོ་རྒོལ་བ་མང་པོ་འདུ་འཛོམས་བྱུང་ཡོད་ཀྱང་ཉེན་རྟོག་པས་འགོག་སྲུང་འོག་ཐག་ཉེར་འགྲོ་མ་བཅུག་པ་མ་ཟད།    ངོ་རྒོལ་བ་མང་པོ་འཛིན་བཟུང་བཙན་འཁྲིད་བྱས་འདུག    རེས་གཟའ་ཉི་མའི་དགོང་དྲོ་ཧོང་ཀོང་མི་མང་འབུམ་གཅིག་ལྷག་གིས་རྒྱ་ནག་ལ་ངོ་རྒོལ་ཁྲོམ་བསྐོར་གནང་འདུག    རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཏའོ་ཧོང་ཀོང་དབྱིན་ཇི་ནས་རྒྱ་ནག་ལ་རྩིས་སྤྲོད་བྱུང་ནས་ལོ་ངོ་༡༥་ཧྲིལ་པོ་འཁོར་བའི་དུས་ཚིགས་སྲུང་བརྩིའི་ཆེད་ཉིན་གསུམ་རིང་གཞུང་དོན་ཕྱོགས་ཕེབས་གནང་བ་ཡིན་པ་རེད།    ཁ་ས་ཧོང་ཀོང་མི་མང་གི་ངོ་རྒོལ་སྐད་འབོད་བྱུང་བར་བརྟེན་ཉེན་རྟོག་པས་མིག་ཚ་བྱེད་དུག་རྫས་གཏོར་བ་དང་།  འཛིན་བཟུང་དོ་དམ་སོགས་བྱས་ཏེ་ངོ་རྒོལ་བ་རྣམས་ཁ་འཐོར་བཏང་འདུག    ཡང་རྒྱ་ནག་གི་སྲིད་འཛིན་བཞུགས་ཡུལ་མགྲོན་ཁང་མདུན་དུ་ངོ་རྒོལ་བ་བརྒྱ་ཕྲག་མང་པོ་འདུ་འཛོམས་བྱས་ཏེ་ངོ་རྒོལ་སྐད་འབོད་གནང་ཡོད་ཅིང་།        རྒྱ་ནག་གི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་མང་གཙོའི་ལས་འགུལ་སྤེལ་མཁན་གྲས་མང་གཙོ་དོན་གཉེར་བ་ལི་ཝང་དབྱང་ཉེ་ལམ་སྨན་ཁང་དུ་དོགས་གཞིའི་འོག་རྐྱེན་འདས་སུ་གྱུར་པར་རྒྱ་ནག་གཞུང་གིས་ཞིབ་དཔྱོད་བྱེད་དགོས་ལུགས་ཧོང་ཀོང་ངོ་རྒོལ་བ་ཚོས་དགོས་འདུན་བཏོན་ཡོད་པ་རེད།        རྩ་བའི་ཕྱི་ལོ་༡༩༨༩་ལོར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་ཕྲུག་མང་གཙོ་དོན་གཉེར་བར་དྲག་གནོན་བྱས་ཏེ་བརྒྱ་ཕྲག་མང་པོ་སྡེབ་གསོད་བཏང་བའི་བྱས་ཉེས་ངོས་ལེན་བྱེད་དགོས་པའི་ཧོང་ཀོང་མི་མང་མང་པོས་དགོས་འདུན་བཏོན་པ་མ་ཟད།    རྒྱ་ནག་གི་འགོ་ཁྲིད་ཚོ་གཞུང་དོན་ཕྱོགས་ཕེབས་ལ་འབྱོར་སྐབས་ཧོང་ཀོང་མི་མང་གིས་རྒྱ་ནག་གི་མང་གཙོ་དོན་གཉེར་བར་གདུང་སེམས་མཉམ་བསྐྱེད་དང༌།    རྒྱ་ནག་གཞུང་གིས་དྲག་གནོན་ལ་་ངོ་རྒོལ་སྐད་འབོད་གནང་དང་གནང་བཞིན་པ་རེད།    ད་རེས་སྲིད་འཛིན་ཧུ་ཅིན་ཏའོ་ཉིན་གསུམ་རིང་ཧོང་ཀོང་དུ་གཞུང་དོན་ཕྱོགས་ཕེབས་ཀྱི་ཉིན་གཉིས་པར་Apple ཉིན་རེའི་གསར་ཤོག་ཅེས་པའི་གསར་འགོད་པས་སྐད་གསང་ཐོན་པོས་འདྲི་བ་བྱས་དོན།    སྲིད་འཛིན་ཧུ་ཅིན་ཏའོ་ལགས།    ཧོང་ཀོང་མི་མང་གིས་རྒྱ་ནག་གི་དྲུག་བཞིའི་ཐོག་ཐག་གཅོད་དེར་འགྱུར་བ་གཏོང་བའི་རེ་བ་བྱེད་ཀྱི་ཡོད་པ་རེད།    ཁྱེད་ཀྱི་གསན་སོང་ངམ་ཞེས་འདྲི་བ་བཏང་སྐབས་དེ་མ་ཐག་ཏུ་ཉེན་རྟོག་པ་གསུམ་བཞི་ཡོང་སྟེ་ཁོང་སྐར་མ་བཅོ་ལྔའི་རིང་འཛིན་བཟུང་དོ་དམ་བྱས་འདུག    སྲིད་འཛིན་ཧུ་ཅིན་ཏའོ་ཡིས་དྲི་བ་དེ་གསན་ཡོད་མེད་བརྗོད་དཀའ་ཡང་དམར་པོའི་སྒྲིག་འཛུགས་དམ་པོའི་འོག་ངོ་རྒོལ་གྱི་འདྲི་བ་བཏོན་་ཐུབ་པ་དེ་ཧོང་ཀོང་བརྙན་འཕྲིན་ཐོག་རྒྱང་སྲིང་བྱས་ཡོད་པ་རེད།    འོན་ཀྱང་ཨ་རིའི་བརྙན་འཕྲིན་CNN གྱིས་ཧུ་ཅིན་ཏའོ་ལ་མི་མང་གི་ངོ་རྒོལ་གནང་བའི་སྐོར་བསྟན་པ་དེ་དག་རྒྱ་ནག་ནང་དམ་བསྒྲཌ་བྱས་ཏེ་མཐོང་རྒྱུ་མེདཔ་བཟོས་འདུག    ཡང་རྒྱ་ནག་གཞུང་གིས་ཧོང་ཀོང་དུ་ཆེད་གཏོང་བྱས་པའི་བཅིངས་འགྲོལ་དམག་མི་རྒྱ་ནག་ལ་ཕར་རྒྱུགས་ཤིག་ཅེས་ཡིག་རྒྱུགས་གློག་འཕྲིན་དྲ་རྒྱའི་ནང་བཏང་འདུག    ལྷག་པར་དུ་ཕྲེད་དར་ཤིན་ཏུ་ཆེན་པོ་ཞིག་སྟེང་རྒྱ་ཡིག་ཏུ་མི་དྲང་བ་ཞེས་བཀོད་པ་དེ་འཕྱར་བ་སོགས་ངོ་རྒོལ་ལས་འགུལ་སྣ་ཚོགས་བྱུང་བའི་གནས་ཚུལ་ཐོན་བཞིན་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
བོད་སྐད་སྡེ་ཚན།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎