གསར་འགྱུར་ཡིག་ཚགས།
2025-03-07
ཕྱི་ཟླ་ ༣ ཚེས་ ༡༡ རེས་གཟའ་མིག་དམར་ཉིན་དཔར་སྐྲུན་དབུ་འབྱེད་གནང་འཆར་ཡོད་པའི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་“མགྲིན་མེད་པ་རྣམས་ཀྱི་མགྲིན་ཚབ་པ།” ཞེས་པའི་ཕྱག་དེབ་ཀྱི་ནང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་འཚོ་བཞུགས་མེད་པའི་དུས་ཚོད་འབྱུང་ནའང་། བོད་མི་རིགས་ཀྱི་འཐབ་རྩོད་དེ་དམིགས་ཡུལ་ལྟར་མུ་འཐུད་གནས་ངེས་ཡིན་པ་བཀའ་གནང་ཡོད་པ། ཨ་རིའི་ཝ་ཤིན་ཏོན་ཆ་འཕྲིན་སྟེང་དཔེ་དེབ་ཀྱི་སྙིང་དོན་ངོ་སྤྲོད་དང་འབྲེལ་གནས་ཚུལ་སྤེལ་བའི་ནང་གསལ་འདུག
2025-03-07
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་འབྲས་ནད་ནད་པ་མཚོན་པའི་ཕྱི་ནང་གི་དད་ལྡན་པ་གསུམ་བརྒྱ་བརྒལ་བར་མཇལ་ཁ་སྩལ་བ་སྦྲགས། དད་ལྡན་ཆོས་ཞུ་བ་ཚོས་མགོན་པོ་མཆོག་གི་མཇལ་ཁ་ཐོབ་པའི་རྗེས་བློ་ཆོས་སུ་འཇུག་ཐབས་ལ་འབད་རྩོལ་གནང་རྒྱུ་ཡིན་པ་གསུང་བཞིན་འདུག
2025-03-06
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྣམ་གྲྭ་ཟུར་པ་རྣམ་ལ་མཇལ་ཁ་སྩལ་བ་དང་འབྲེལ། མཇལ་བཅར་བ་རྣམས་ནས་མགོན་པོ་མཆོག་ལ་བརྟན་བཞུགས་འབུལ་བ་ཙམ་མ་ཡིན་པར་༸རྒྱལ་བའི་བཀའ་དགོངས་བསྒྲུབ་རྒྱུར་འབད་རྩོལ་གནང་རྒྱུ་གལ་ཆེན་པོ་ཡིན་པ་ནན་བརྗོད་གནང་སོང་།
2025-03-05
དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་གང་ཉིད་དགུང་གྲངས་ ༡༡༣ ལྷག་སྐུ་འཚོ་བཞུགས་ཀྱིས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ལྷག་པར་འགྲོ་བ་མིའི་རིགས་ཀྱི་ཕན་བདེར་ཞབས་འདེགས་བསྒྲུབ་རྒྱུར་ཐུགས་ཁུར་ཆེ་བཞེས་མཛད་རྒྱུའི་བཀའ་བཞེས་བསྐྱར་ནན་མཛད་སོང་།
2025-03-03
ཕྱི་ཟླ་ ༣ ཚེས་ ༣ རེས་གཟའ་ཟླ་བའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་བོད་རྒྱལ་ལོ་ ༢༡༥༢ རབ་གནས་ཤིང་སྦྲུལ་ལོའི་མཇལ་ཁ་ཐོག་མར་དེ་རྣམ་རྒྱལ་གྲྭ་ཚང་གི་དགེ་ལས་སློབ་ཕྲུག་དང་གྲྭ་ཟུར་༢༠༠ ཙམ་དང་། གཞན་ཡང་འཛམ་གླིང་ཡུལ་གྲུ་གང་ས་ནས་ཕེབས་པའི་དད་ལྡན་པ་ཁྱོན་ ༣༠༠ ལྷག་ལ་མཇལ་ཁ་རྩལ་གནང་ཡོད་པ་མ་ཟད། གཞན་ཡང་དེ་རིང་མགོན་པོ་མཆོག་ལ་ད་ན་བུ་སི་གཙུག་ལག་སློབ་གཉེར་ཁང་གིས་མངོན་བསྟོད་གཟེངས་རྟགས་ཤིག་ཀྱང་འབུལ་ལམ་ཞུས་འདུག
2025-02-26
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཚེས་ ༢༦ ཉིན་སོག་པོ་དང་བྷེ་ལ་རུ་སི། བྷུ་རི་ཡཌ་དང་ཀར་མིག་སོགས་ནས་དད་ལྡན་པ་ཁྱོན་ ༢༦༠ ཙམ་ལ་མཇལ་ཁ་སྩལ་གནང་འདུག
2025-02-24
འདི་ཚེས་ ༢༤ ཉིན་གྱི་སྔ་དྲོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གློ་སྨོན་ཐང་གི་ཡུལ་མི་༥༡གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་དད་ལྡན་པ་ཁྱོན་མི་གྲངས་༡༦༠ཙམ་ལ་་མཇལ་ཁ་སྩལ་བ།
2025-02-22
རྒྱུད་སྨད་གྲ་ཚང་དུ་ཆོས་འབྲེལ་གནང་སྐབས་དམིགས་བསལ་བཀའ་སློབ་ཁག་ཅིག་གནང་ཡོད་པ།
2025-02-21
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་གཅིག་ལྷག་གི་རིང་རྒྱ་གར་ལྷོ་ཕྱོགས་སུ་སྐུ་ལྷོད་བཞུགས་མཛད་རྗེས་ཕྱིར་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་པ།
2025-02-18
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་དུ་ཆགས་པའི་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཉིན་གཉིས་ཀྱི་མཛད་འཕྲིན་ལེགས་གྲུབ་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་ཞལ་བསྒྱུར་གནང་མཛད་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་རྒྱལ་ས་ལྡི་ལིར་ཉིན་གྲངས་ཁ་ཤས་རིང་སྐུ་ལྷོད་བཞུགས་མཛད་རྒྱུ་ཡིན་པ།
2025-02-17
དཔལ་ལྡན་རྒྱུད་སྨད་གྲྭ་ཚང་ནས༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་བཤད་སྒྲུབ་བསྟན་པའི་བདག་པོར་མངའ་གསོལ་གྱི་གཟེངས་རྟགས་ཕུལ་བ།
2025-02-16
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་རྒྱུད་སྨད་གྲྭ་ཚང་དུ་༸ཞབས་སོར་འཁོད་རྗེས་བཀའ་སློབ་སྩལ་བའི་ནང་མགོན་པོ་མཆོག་ནས་བྱུང་འགྱུར་ལོ་ངོ་བཅོ་ལྔ་ཉི་ཤུའི་རིང་བོད་བསྟན་སྲིད་ཆེད་མུ་མཐུད་མཛད་པ་སྐྱོང་ཐུབ་ཀྱི་རེད་ཅེས་བཀའ་སྩལ་གནང་མཛད་སོང་།
2025-02-15
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧོན་སུར་དུ་ཆིབས་ཞལ་མ་བསྒྱུར་གོང་ཆོས་སྡེ་བཀྲ་ཤིས་ལྷུན་པོར་བཞུགས་ཞག་མཛད་ཡུན་རིང་ཞབས་ཞུ་སྒྲུབ་མཁན་སྐུ་སྲུང་བ་ ༦༠ ལ་མཇལ་ཁ་སྩལ་འདུག
2025-02-14
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་སྐྱོང་མཆོག་དང་། རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་གཞོན་པ་བྷན་དི་སན་ཇེ་ཀུ་མར་(Shri Bandi Sanjay Kumar) མཆོག ཀར་ན་ཀྲ་ཀ་མངའ་སྡེའི་ནང་སྲིད་བློན་ཆེན་གངྒ་དྷ་རི་ཡ་པར་མེཤ་ཝ་ར་ (Dr. Gangadharaiah Parameshwara) ལགས་བཅས་ཀྱིས་གཙོས་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཅིག་ལ་མཇལ་ཁ་སྩལ་འདུག
2025-02-13
རྒྱ་གར་གཞུང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་དབུས་གཞུང་གི་ (CRPF) དམིགས་འཛུགས་ཉེན་སྲུང་དཔུང་སྡེའི་སྟངས་འཛིན་འོག་གི་ (Z) རིམ་པའི་༧སྐུའི་སྲུང་སྐྱོབ་ཚད་གཞི་མཐོ་ཤོས་འབུལ་རྒྱུ་དེ་བདེན་པ་ཡིན་པ་གནས་ཚུལ་འདིའི་ཐད་རྒྱུས་མངའ་ཆེན་པོ་ཡོད་པ་མིང་འབོད་གནང་རྒྱུར་ཆོག་མཆན་མེད་པ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།